༄༅། །རྡ་ས་སྟོད་པའི་སྐྱིད་སྡུག་ཚོགས་ཁང་དུ་ཕག་སྙིང་ཉིན་གཉིས་རིང་རྒྱལ་ཁའི་ངང་མཇུག་སྒྲིལ་པའི་བརྙན་ཐུང་།

Описание к видео ༄༅། །རྡ་ས་སྟོད་པའི་སྐྱིད་སྡུག་ཚོགས་ཁང་དུ་ཕག་སྙིང་ཉིན་གཉིས་རིང་རྒྱལ་ཁའི་ངང་མཇུག་སྒྲིལ་པའི་བརྙན་ཐུང་།

༼ ཕག་སྙིང་ཞེས་པའི་དོན་ནི། ༽

ལོ་གཅིག་ཟླ་བ་བཅུ་གཉིས་དང་། ཞག་མ་སུམ་བརྒྱ་དྲུག་ཅུ་རེ་ལྔའི་ནང་། དབྱར་དགུན་སྟོན་དཔྱིད་ཅེས་དུས་བཞི་ཡོད་པའི་ནང་ནས་དབྱར་ལ་དབྱར་ཞག་བརྒྱད་ཅུ་གྱ་ལྔ་ཡོད་པའི་དཀྱིལ་ལམ་སྙིང་དེར་ཕག་ཞག་བདུན་འཆར་བའི་ཞག་གསུམ་ཡར་ཕུད། ཞག་གསུམ་མར་ཕུད་པའི་དཀྱིལ་ཞག་གཅིག་པོ་དེར་དབྱར་སྙིང་ངམ། ཕག་སྙིང་ཞེས་ཟེར་ཞིང་།

👉བཤད་སྲོལ་ལ་སྤྱིར་ཕག་ཞག་བདུན་པོ་དེའི་རིང་མི་ཕྱུགས་ཚང་མས་ཟས་ཅི་ཟོས་ཀྱང་བཅུད་ཆེ་ཞིང༌། ལྷག་པར་དབྱར་སྙིང་ངམ། ཕག་སྙིང་གི་ཉིན་སྔོ་ཚལ་སོགས་ཟོས་ན་ཟས་བཅུད་ཤིན་ཏུ་ཆེ་བར་འགྱུར་གྱི་ཡོད་སྟབས་ཕག་སྙིང་ཉིན་བདུན་ནམ་དེ་མིན་ཉིན་གསུམ་བཞི་གང་ལྕོགས་དགའ་ཉེ་ལྟོས་འཁོར་རམ། ཡུལ་མི་ཁྱིམ་མཚེས་སོགས་ལྷན་འཛོམས་ཀྱི་སྤྲོ་སྐྱིད་སྐབས་ཟས་སྔོ་ཚལ་ལ་ཕུག་དང༌། ཤ་གསར་གཙོ་བོར་གྱུར་པའི་ཟས
རིགས་སྣ་ཚོགས་ལ་དམིགས་བསལ་ལོངས་སྤྱོད་བྱ་སྲོལ་ལ་སྟོད་ལྷོ་བྱང་དང་། གཙང་ཁུལ་ཕལ་ཆེར་ཡོད། སྐབས་དེར་ར་ལུག་འབྲི་མོ་སོགས་སྒོ་ཕྱུགས་ཀྱི་མར་ཡང་ཟས་བཅུད་དེས་རྐྱེན་པས་སྤུས་ཀ་ལེགས་པར་བརྩི་སྲོལ་ཡོད་ལ། དོན་དངོས་ལ་ཡང་ཕག་མར་ཞེས་མར་མདོག་ལེགས་པ་དང༌། བྲོ་བ་ཆེ་ལ་མྱུར་དུ་མི་རྙིང་བ་སོགས་ཡོད་པ་མྱོང་བས་གྲུབ་པ་ཞིག་གོ།

📚📖👉དབུས་གཙང་སྤྱི་ཟུར་དིང་སྒང་དྭངས་ཤར་ཡོན་ཏོན་རྒྱ་མཚོས་རྩོམ་སྒྲིག་གནང་པའི་༼བོད་གཞིས་བྱེས་གཉིས་སུ་རང་གི་མཐོང་ཐོས་མྱོང་གྱུར་གྱི་དངོས་འབྱུང་ལོ་རྒྱུས་བརྗོད་པ་༽ ལས་བཏུས།

Комментарии

Информация по комментариям в разработке