Tibetans celebrate His Holiness the Dalai Lama’s birthday in Dharamshala

Описание к видео Tibetans celebrate His Holiness the Dalai Lama’s birthday in Dharamshala

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཞུང་འབྲེལ་ངོས་ནས་སྲུང་བརྩི་ཞུས་སོང་།

ཕྱི་ལོ་༢༠༢༤ ཟླ་༧ ཚེས་༦ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་(Shri Prem Singh Tamang) མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཊ་པིར་གྷོ(Shri Tapir Gao) མཆོག ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་མཆོག་གཙོས་སྐུ་མགྲོན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛདགཙོ་རྣམ་པ། སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་།

Комментарии

Информация по комментариям в разработке