བཤེས་སྤྲིང་། འཆད་ཁྲིད་པ། མཁན་ཆེན་བསོད་ནམས་བརྒྱ་མཚོ། ( Sheyting - 2 ) བཤེས་པའི་སྤྲིང་ཡིག

Описание к видео བཤེས་སྤྲིང་། འཆད་ཁྲིད་པ། མཁན་ཆེན་བསོད་ནམས་བརྒྱ་མཚོ། ( Sheyting - 2 ) བཤེས་པའི་སྤྲིང་ཡིག

Nagarjuna's Letter to King Gautamiputra
བཤེས་སྤྲིང་། འཆད་ཁྲིད་པ། མཁན་ཆེན་བསོད་ནམས་བརྒྱ་མཚོ།

གང་ལ་ཕ་དང་མ་དག་མཆོད་བྱེད་པའི། །
རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །
དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང༌། །
སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །

འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །
ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །
མལ་སྟན་མཐོ་ལ་དགའ་དང་གླུ་དག་དང༌། །
གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང༌། །  00:00 - 09:49

དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །
ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །
གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །
སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །

སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང༌། །
མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང༌། །
རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌། །
དབང་ཐད་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། ། 09:49 - 20:44

བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །
འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །
དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །
གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །

གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །
ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང༌། །
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །
དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། ། 20:44 - 32:47

འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །
ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །
ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །
འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །

བདག་ནི་འདིས་སྤྱོས་འདིས་གཏག་ཕམ་པར་བྱས། །
འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏེ་ཞེས། །
ཁོན་དུ་འཛིན་པས་འཁྲུག་ལོང་རྣམ་བསྐྱེད་དེ། །
ཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག །
32:47 - 43:10

སེམས་ཅན་ཆུ་དང་ས་དང་རྡོ་བ་ལ། །
རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །
དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །
མཆོག་སྟེ་ཆོས་འདོད་རྣམས་ལ་ཐམ་མ་གས། ། 43:10 - 46:54





#sheyting
#shayting
#shaypaytingyig
#sakya
#sakyacollage
#sakyacollagefornun
#teching
#buddist
#buddism
#khenchen_sonam_gyatso_teaching
#jamyangdakpa

Комментарии

Информация по комментариям в разработке