བྱང་གཞས། སྟག་ལུང་ཅེ་ཅེ་པདྨ། Jangshe: Taklung Cheche Pema.

Описание к видео བྱང་གཞས། སྟག་ལུང་ཅེ་ཅེ་པདྨ། Jangshe: Taklung Cheche Pema.

ད་རེས་འདི་ནས་ཁོ་བོས་གཙང་སྟོད་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྒྲ་སྙན་ཞབས་བྲོ་༼སྟག་ལུང་ཅེ་ཅེ་པདྨ་༽ཞེས་པ་འདི་འགོད་སྤེལ་ཞུ་རྒྱུ་ཡིན། གཞས་འདི་ནི་ངག་ནས་ལེན་དུས་ཅུང་དལ་ལ་ཞབས་བྲོའི་སྟངས་སྟབས་བདེ་བ། དམིགས་བསལ་གཞས་ཀྱི་གདངས་དང་སྒྲ་སྙན་གྱི་སྒྲ་གཉིས་ཧ་ཅང་འགྲིགས་ཆགས་པ་ཞིག་ཡིན་པས། ཉན་ན་སྙན་ཅོག་བདེ་བ། གཟིགས་ན་སྤྱན་ལ་བདེ་བ། འཁྲབ་ན་སུས་ཀྱང་ཤེས་པ་ཞིག་ཡིན་ཙ་ན་རྒྱ་ཆེའི་ཐུགས་སྣང་ཅན་ཚོས་དོ་ཁུར་གནང་བར་དགའ་བསུ་ཞུ། །
འོག་ཏུ་གཞས་ཀྱི་ཚིག་རེ་འགའ་ཞིག་ཡུལ་སྐད་ཀྱི་འགྲོས་ཆེ་བས། གུག་ཆེན་ནང་དེའི་དོན་དང་། དེ་བཞིན་ཡུལ་མིང་དང་དགོན་མིང་ཡང་གུག་ཆེན་ནང་བཀོད་ཡོད་པས། ཐུགས་སྣང་མཛོད།

སྟག་ལུང་ཅེ་ཅེ་པདྨ།

སྟག་ལུང་ཅེ་ཅེ་པདྨ། །
(སོའོ་) ཁྲུང་ལ་ཡས་ཀ་༼ཡས་སྒྲོན་༽ བསྐྱོན་དང་། །
བི་ཚའི་ (གཞོན་པ་) བསྟན་འཛིན་རྒྱལ་ལགས། །
གསུམ་འབྲེལ་མཉེས་ཏག་གནང་དང་། །

ཤ་ཟུར་ ༼ཤ་ལ་ཟུག་༽ བསམས་ནས་མ་ཡོང་། །
(སོའོ་) མཛེས་པ་ ༼མཛེས་པ་དགོན་༽ བསམས་ནས་ཡོང་ཡོད། །
མཛེས་པའི་སངས་རྒྱས་ཁོང་གི །
བྱབས་ཁྲུས་བསམས་ནས་ཡོང་ཡོད། །

ཡར་ལ་མཇལ་དར་ཕུལ་ནས། །
(སོའོ་) མར་ལ་མཇལ་མདུད་གནང་བྱུང་། །
ཚེ་ལོ་བརྒྱ་ཕྲག་ཐུབ་པའི། །
ཚེ་དབང་ཚེ་མདུད་གནང་བྱུང་། །

Комментарии

Информация по комментариям в разработке