Dalai Lama Long Life Prayers devotees Kinnaur HP | CECC Chris smith hearing | Geshe Rachung Gedun

Описание к видео Dalai Lama Long Life Prayers devotees Kinnaur HP | CECC Chris smith hearing | Geshe Rachung Gedun

ཐེངས་འདིའི་བརྙན་འཕྲིན་ནང་།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་གི་ཁུ་ནུ་ཡུལ་གྱི་དགོན་གྲོང་ཚང་མའི་སྐུ་ཚབ།སེར་སྐྱ་ཕོ་མོ་ཆིག་སྟོང་བརྒྱད་བརྒྱ་ལྷག་བཞུགས་སྒར་དུ་ཆེད་བཅར་གྱིས། ཟླ་ ༡༢ པའི་ཚེས་ ༦ ཉིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་སྒོ་ནས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཆེས་མཐོའི་ལྷན་ཚོགས་ཀྱི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཀིརིས་སིམིཐ་ (Chris Smith) ལགས་ཀྱིས་ཨ་མི་རི་ཀའི་སྲིད་གཞུང་གསར་པས་བོད་དོན་ཐོག་རྒྱབ་སྐྱོར་ཆེ་རུ་འགྲོ་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་བྱུང་མེད་པ་སོགས་དང་།
ཐེངས་འདིའི་གླེང་མོལ་གྱི་ལེ་ཚན་ནང་། རང་བཙན་གཞོན་ནུའི་རོལ་དབྱངས་ཚོགས་པའི་ཚོགས་མི་ཕུར་པ་ཚང་ཚེ་རིང་དཔལ་འབྱོར་ལགས་དང་ལྷན་ཁོང་གི་སྒྱུ་རྩལ་དང་ལྷག་པར་རང་བཙན་གཞོན་ནུའི་རོལ་དབྱངས་ཚོགས་པའི་སྐོར་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད།
RFA Tibetan TV Program- December 7, 2024
Anchor: Tashi Wangchuk
Producer: Passang Dhonden
____________________________________________________
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube:    / rfatibetan  
facebook:   / rfa.tibetan  
twitter:   / rfatibet  
soundcloud:   / rfatibetan  
podcast: http://www.rfa.org/tibetan/podcasts/

Комментарии

Информация по комментариям в разработке