The Medicine Buddha Prayer/Mantra སངས་རྒྱས་སྨན་བླའི་གཟུངས།

Описание к видео The Medicine Buddha Prayer/Mantra སངས་རྒྱས་སྨན་བླའི་གཟུངས།

The Medicine Buddha Prayer/Mantra

སངས་རྒྱས་སྨན་བླའི་གཟུངས།


ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བེེཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།

སངས་རྒྱས་སྨན་བླའི་གཟུངས་རིང་།

ཨོཾ་ནམོ་བྷགཝཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ། ཏཐཱགཏཱཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ། མཧཱ་བྷཻཥཛྱེ་བྷཻཥཛྱེ། རཱཛཱ་སམུངྒ་ཏེ་སྭཱཧཱ།

ཡང་ན་སངས་རྒྱས་སྨན་བླའི་གཟུངས་ཐུང་།

ཏདྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ། མཧཱ་བྷཻཥཛྱེ་བྷཻཥཛྱེ། རཱཛཱ་སམུངྒ་ཏེ་སྭཱཧཱ།

དགེ་བ་འདི་ཡིས་མྱུར་དུ་བདག ། །
སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །

སེམས་ཅན་ནད་པ་ཇི་སྙེད་པ། །
མྱུར་དུ་ནད་ལས་ཐར་གྱུར་ནས། །
འགྲོ་བའི་ནད་རྣམས་མ་ལུས་པ། །
རྟག་ཏུ་འབྱུང་བ་མེད་པར་ཤོག །

Комментарии

Информация по комментариям в разработке