Logo video2dn
  • Сохранить видео с ютуба
  • Категории
    • Музыка
    • Кино и Анимация
    • Автомобили
    • Животные
    • Спорт
    • Путешествия
    • Игры
    • Люди и Блоги
    • Юмор
    • Развлечения
    • Новости и Политика
    • Howto и Стиль
    • Diy своими руками
    • Образование
    • Наука и Технологии
    • Некоммерческие Организации
  • О сайте

Скачать или смотреть སློབ་དཔོན་དཔའ་བོ། 1 Asvaghosha

  • ས་ཁྲ་ནང་གི་བོད། TIBET MAP
  • 2020-08-27
  • 5162
སློབ་དཔོན་དཔའ་བོ། 1  Asvaghosha
  • ok logo

Скачать སློབ་དཔོན་དཔའ་བོ། 1 Asvaghosha бесплатно в качестве 4к (2к / 1080p)

У нас вы можете скачать бесплатно སློབ་དཔོན་དཔའ་བོ། 1 Asvaghosha или посмотреть видео с ютуба в максимальном доступном качестве.

Для скачивания выберите вариант из формы ниже:

  • Информация по загрузке:

Cкачать музыку སློབ་དཔོན་དཔའ་བོ། 1 Asvaghosha бесплатно в формате MP3:

Если иконки загрузки не отобразились, ПОЖАЛУЙСТА, НАЖМИТЕ ЗДЕСЬ или обновите страницу
Если у вас возникли трудности с загрузкой, пожалуйста, свяжитесь с нами по контактам, указанным в нижней части страницы.
Спасибо за использование сервиса video2dn.com

Описание к видео སློབ་དཔོན་དཔའ་བོ། 1 Asvaghosha

སློབ་དཔོན་དཔའ་བོ་ནི། རྒྱ་གར་ནུབ་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང༌། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་དང་བྲམ་ཟེ་ཐུབ་དཀའ་ནག་པོ་ཞེས་ཀྱང་ཟེར། ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་རྩོད་པས་ཕམ་པར་བྱས་ཏེ། ནང་པའི་བསྟན་པ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར་ཅིང་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ་དང་། ཡུན་རིང་དུ་རྩོད་པ་བྱས་པས་ཀྱང་སློབ་དཔོན་གྱིས་དེ་ལན་གསུམ་དུ་ཚར་བཅད་དོ། །དེ་རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས་སློབ་དཔོན་གྱིས་དེའི་སྔགས་བཅིངས་ཏེ་བཟུང་ནས། གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ལ་གླེགས་བམ་རྣམས་བཀླགས་པས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སྔར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་ནི་འགྱོད། སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ནས། རབ་ཏུ་བྱུང་སྟེ་རིང་པོར་མི་ཐོགས་པར་སྡེ་སྣོད་གསུམ་འཛིན་པར་གྱུར་ཏོ། །ཕྱིས་སུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། གང་གི་ཚེ་མ་ཁོལ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དེའི་ཚེ། ཕྱོགས་བཞིའི་གཙུག་ལག་ཁང་རྣམས་སུ་མུ་སྟེགས་བྱེད་དང༌། བྲམ་ཟེ་རབ་ཏུ་འབྱུང་བར་བྱེད་པ་ཤིན་ཏུ་མང་བར་བྱུང་སྟེ། བྲམ་ཟེ་རྣམས་ཀྱི་མཆོག་རབ་གྱ་ནོམ་པ་ཐུབ་དཀའ་ནག་པོ་ཡང་རང་གི་གྲུབ་མཐའ་མཆིལ་མའི་ཐལ་བ་བཞིན་བོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ན་ངེས་པར་སངས་རྒྱས་ཀྱི་ཆོས་འདི་ཡ་མཚན་ཆེའོ། །ཞེས་དེའི་རྒྱུ་ལས་དཔལ་ནཱ་ལེནྡྲ་ཁོ་ནར་ཡང་བྲམ་ཟེ་སྟོང་ལྷག་རབ་ཏུ་བྱུང་ཞིང༌། མུ་སྟེགས་བྱེད་ཀྱང་དེ་སྙེད་རབ་ཏུ་བྱུང་ངོ༌། །ཕྱི་ནང་གཉིས་ཀྱི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་ཤིན་ཏུ་མཁས་པར་གྱུར། མཚན་དཀོན་ཅོག་འབངས་ཞེས་དང་། དཔའ་བོ་དང༌། རྟ་དབྱངས། མ་ཁོལ། ཕ་ཁོལ། ཐུབ་དཀའ། ཆོས་ལྡན་རབ་འབྱོར། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །དེ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པ་རིན་པོ་ཆེའི་སྐྱེས་རབས་ལ་བསྟོད་པ་བརྒྱ་རྩ་བརྒྱད་ཀྱིས་མཚོན་པའི་བསྟན་བཅོས་སྤྱི་དང༌། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་སོ། །

ལོ་རྒྱུས་ཁ་ཅིག་ལས་བྱང་ཆུབ་སེམས་དཔས་སྟག་མོ་ལ་ལུས་བྱིན་པ་སོགས་རྐྱེན་ཉེ་བར་དམིགས་ན་བདག་གིས་ཀྱང་ནུས་པས། བྱ་དཀའ་བའི་མཛད་པ་མིན་ནམ་དགོངས་པ་ན། ནམ་ཞིག་ན་དེ་ཁོ་ན་འདྲ་བའི་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས། ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་མི་ནུས་པ་ལྟར་འདུག་ནས་ལྷག་པར་ཡང་སངས་རྒྱས་ལ་དད་པ་སྐྱེས་ཤིང༌། སྨོན་ལམ་བདུན་ཅུ་པ་རང་གི་ཁྲག་གིས་བྲིས་ཤིང༌། སྟག་རྣམས་ལ་དང་པོར་ཁྲག་བླུད་དེ་ཅུང་ཟད་ལུས་ཉམ་སྟོབས་རྒྱས་པ་ན་རང་གི་སྐུ་ལུས་བྱིན་ནོ་ཞེས་ཟེར་རོ། །
སྐྱེས་རབས་སོ་བཞི་པ་ནི། རྒྱ་གར་གྱི་སློབ་དཔོན་དཔའ་བོས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྩོམ་འཕྲོར་ལུས་པ་ཞིག་ཡིན། གོང་མ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་ལོ་ཙཱ་བ་དབས་མཉྫུ་ཤྲི་ལྤརྨ་སྟེ་འཇམ་དཔལ་གོ་ཆས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡིན་ཅིང་། བམ་པོ་བཅུ་གཉིས་དང་། ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ། ཡིག་འབྲུ་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་ཉིས་བརྒྱ་ཡོད་པ། བསྟན་འགྱུར་སྡེ་དགེ་དཔར་མའི་སྣ་ཚོགས་པོད་[ཧུ]པར་ཡོད། དེའི་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་དྷརྨ་ཀིརྟིས་མཛད་པ། དུས་རབས་བཅུ་གཅིག་པའི་འགོར་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་དེ་ཡང་གོང་གསལ་གྱི་པོད་དེའི་མཇུག་ཏུ་ཡོད། གདན་ས་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྔ་དྲོའི་གསུང་ཆོས་ལ་མཁན་རིན་པོ་ཆེ་སོགས་ཀྱིས་སྐྱེས་རབས་སོ་བཞི་པ་འདི་གསུང་སྲོལ་ཡོད། ༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

སློབ་དཔོན་དཔའ་བོ་ནི་རྒྱ་གར་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སེང་གེ་གསང་བ་དང་། ཡུན་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཚེའི་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་རོལ་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པར་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནུབ་ཕྱོགས་ཀྱི་ནང་པའི་པཎྡི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར་ཞིང་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ་རྟ་དབྱངས་དང་ཕྱི་ནང་གི་གྲུབ་མཐའ་རྩོད་པར་ཕེབས་ནས་རྟ་དབྱངས་ཚར་བཅད་དེ་ནང་པའི་ཆོས་ལུགས་སུ་བསྒྱུར། ཕྱིས་སུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མར་གྱུར། མཚན་དཀོན་མཆོག་འབངས་ཞེས་གྲགས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པ་རིན་པོ་ཆེར་བསྟོན་པ་(སྐྱེས་རབས་སོ་བཞི་པ་)ཞེས་སྙན་ངག་གི་རོ་མཆོག་ལྡན་པའི་བསྟན་བཅོས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་སོ། །
ཝེ་ཁེ་རིག་མཛོད་ནས་བླངས།

Комментарии

Информация по комментариям в разработке

Похожие видео

  • སློབ་དཔོམ་དཔའ་བོ། 2 Asvaghosha
    སློབ་དཔོམ་དཔའ་བོ། 2 Asvaghosha
    5 лет назад
  • ཆབ་དགོན་དང་འབྲེལ་བའི་སྐད་ཆ་དྲང་གཏམ་ཞིག་བཤད་འདུག་
    ཆབ་དགོན་དང་འབྲེལ་བའི་སྐད་ཆ་དྲང་གཏམ་ཞིག་བཤད་འདུག་
    4 года назад
  • || YAK and MUSKOX || 🦬
    || YAK and MUSKOX || 🦬
    5 месяцев назад
  • བློན་པོ་སྨན་ཆེན་གྱི་ལོ་རྒྱུས། 1
    བློན་པོ་སྨན་ཆེན་གྱི་ལོ་རྒྱུས། 1
    5 лет назад
  • Biography of Ashvagoshva  སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།
    Biography of Ashvagoshva སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།
    2 года назад
  • མང་ཡུལ་གུང་ཐང་གི་རྒྱལ་ས་དང་སྐྱིད་རོང་ཇོ་བོའི་ལྷ་ཁང་།
    མང་ཡུལ་གུང་ཐང་གི་རྒྱལ་ས་དང་སྐྱིད་རོང་ཇོ་བོའི་ལྷ་ཁང་།
    2 года назад
  • Кришна вне религии: что он дал человечеству?
    Кришна вне религии: что он дал человечеству?
    2 дня назад
  • སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་དད་པའི་སྤུ་ལོང་གཡོ་བ།Acharya Basubandu
    སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་དད་པའི་སྤུ་ལོང་གཡོ་བ།Acharya Basubandu
    2 года назад
  • གུ་ཤྲཱི་ཁཱང་གིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་ལྔ་པ་ཆེན་པོའི་ལྷ་འབངས་སུ་ཕུལ་ཡོད་པའི་སྐོར།
    གུ་ཤྲཱི་ཁཱང་གིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་ལྔ་པ་ཆེན་པོའི་ལྷ་འབངས་སུ་ཕུལ་ཡོད་པའི་སྐོར།
    6 месяцев назад
  • ئەينەك-خىتتايدىكى سوسيال كىرىدى سېستىمىسى بىلەن باشقا دۆلەتلەرنىڭ پەرقى ئېلشات ھەسەن
    ئەينەك-خىتتايدىكى سوسيال كىرىدى سېستىمىسى بىلەن باشقا دۆلەتلەرنىڭ پەرقى ئېلشات ھەسەن
    Трансляция закончилась 2 дня назад
  • Провал Кремля: Путин подсунул Трампу ложную победу /№1100/ Юрий Швец
    Провал Кремля: Путин подсунул Трампу ложную победу /№1100/ Юрий Швец
    5 часов назад
  • ཨོ་ཌི་ཤ་སློབ་དཔོན་ཕྱོགས་གླང་གི་གནས་བཤད།😍Odisha ARAGARH BUDDHIST SITE😊གནས་བཤད་ལེ་ཚན་དང་པོ།part 1
    ཨོ་ཌི་ཤ་སློབ་དཔོན་ཕྱོགས་གླང་གི་གནས་བཤད།😍Odisha ARAGARH BUDDHIST SITE😊གནས་བཤད་ལེ་ཚན་དང་པོ།part 1
    2 года назад
  • གཏུམ་པོ་རབ་སྣང་། 1 king Ka Tya of India.
    གཏུམ་པོ་རབ་སྣང་། 1 king Ka Tya of India.
    5 лет назад
  • ཨོ་རྒྱན་གྱི་ཡུལ། Swat Valley
    ཨོ་རྒྱན་གྱི་ཡུལ། Swat Valley
    3 года назад
  • དགའ་ལྡན་ལྔ་མཆོད་དང་རྗེ་བདག་ཉིད་ཆེན་པོའི་ཆེ་བའི་ཡོན་ཏན།
    དགའ་ལྡན་ལྔ་མཆོད་དང་རྗེ་བདག་ཉིད་ཆེན་པོའི་ཆེ་བའི་ཡོན་ཏན།
    3 года назад
  • Forbidden Pilgrimage: Nalanda སྟོན་པའི་ཞབས་རྗེས། དཔལ་ནཱ་ལེནྡྲ།
    Forbidden Pilgrimage: Nalanda སྟོན་པའི་ཞབས་རྗེས། དཔལ་ནཱ་ལེནྡྲ།
    4 года назад
  • США ДАЮТ ИЗРАИЛЮ ПРАВО НА ПЕРВЫЙ УДАР ПО ИРАНУ. НОВОСТИ ИЗРАИЛЯ. ПРЯМОЙ ЭФИР. 26 февраля 20:00
    США ДАЮТ ИЗРАИЛЮ ПРАВО НА ПЕРВЫЙ УДАР ПО ИРАНУ. НОВОСТИ ИЗРАИЛЯ. ПРЯМОЙ ЭФИР. 26 февраля 20:00
    Трансляция закончилась 6 часов назад
  • རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།
    རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།
    10 лет назад
  • བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གནས་སྟངས་སྐོར་གསུང་བཤད།
    བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གནས་སྟངས་སྐོར་གསུང་བཤད།
    9 лет назад
  • སློབ་དཔོན་འཕགས་པ་ལྷ་ཡི་རྣམ་ཐར།  Biography of Aryadeva. #buddhism #nalanda #aryadeva  #nagarjuna
    སློབ་དཔོན་འཕགས་པ་ལྷ་ཡི་རྣམ་ཐར།  Biography of Aryadeva. #buddhism #nalanda #aryadeva #nagarjuna
    2 года назад
  • О нас
  • Контакты
  • Отказ от ответственности - Disclaimer
  • Условия использования сайта - TOS
  • Политика конфиденциальности

video2dn Copyright © 2023 - 2025

Контакты для правообладателей video2contact@gmail.com