སྙིང་གཏམ་གཉོམ་པོ། ཁོ་བསྟན་གྱི་གཞས། Khoten ཚིག/དབྱངས།/རོལ་མོ།/གཞས་པ། ཁོ་བསྟན།

Описание к видео སྙིང་གཏམ་གཉོམ་པོ། ཁོ་བསྟན་གྱི་གཞས། Khoten ཚིག/དབྱངས།/རོལ་མོ།/གཞས་པ། ཁོ་བསྟན།

སྙིང་གཏམ་གཉོམ་པོ། ཁོ་བསྟན་གྱི་གཞས་གསར།

གངས 岗音视 2020-03-01

གཞས་འདི།


    འཇིག་རྟེན་འདི་ནས་དོན་སྣ་ཚོགས་ལ་འཕྲད་ངེས་ཤིང་། དགའ་སྡུག་སྣ་ཚོགས་ཀྱིས་སེམས་འཚེ་ངེས་རེད།  འགལ་འདུ་མང་བོའི་ཁྲོད་ནས་ནར་སོན་དགོས་པ་ཡང་ཆོས་ཉིད་རེད། 

    མྱོང་བ་མང་བོ་ཞིག་ལ་ཕྱིར་འདང་བརྒྱབ་པ་ན་སྐད་ཆ་མང་བོ་ཞིག་ཁྱེད་ལ་ཞུ་དགོས་འདུག་ལ་སྐད་ཆ་དེ་གཞས་སུ་འགུགས་དགོས། གཞས་དེ་ཡང་ལྷོད་མོས་ངང་དལ་མོར་ལེན་དགོས་འདུག 

    གཞས་ཆུང་འདིས་ཁྱེད་ཀྱི་མཚན་མོ་ཞིག་སྲུང་ན་འདོད།
 སྙིང་གཏམ་གཉོམ་པོ།

ཚིག་དབྱངས་དང་རོལ་མོ།  གཞས་པ།  ཁོ་བསྟན།

དཀའ་མོ་དཀའ་མོ་ཞིག་ཡིན་པའི།

འཁོར་བའི་ལས་དོན་ཐམས་ཅད།

མཚམས་རེར་འདོད་པའི་རྟ་ཁ་རེ་འཐེན་དང་།

དེ་ནི་སླ་མོ་སླ་མོ་ཞིག་ཡིན་འགྲོ །


སྐྱུར་མོ་སྐྱུར་མོ་ཞིག་ཡིན་པའི།

ཤ་ཁྲག་ཀུན་འདྲེས་ཀྱི་བརྩེ་དུང་།

མཐུན་ཅིང་རློམ་པའི་སྣང་བ་དེ་སོམས་དང་།

དེ་ནི་མངར་མོ་མངར་མོ་ཞིག་ཡིན་འགྲོ།

  

ཐག་རིང་ཐག་རིང་དུ་ཡོད་པའི།

ཤ་ཚ་སྙིང་ཉེ་ཡི་མི་རྣམས།

བདེ་བར་ཡོད་པའི་གཏམ་སྙན་རེ་ཉོན་དང་།

དེ་ནི་ཐག་ཉེ་ཐག་ཉེ་ན་ཡོད་འགྲོ།


སུན་པོ་སུན་པོ་ཞིག་ཡིན་པའི།

ཁེར་རྐྱང་ལྷིང་འཇགས་ཀྱི་འཚོ་བ།

གྲོགས་དང་ན་ཟླའི་ལྷན་འཛོམས་རེ་སོམས་དང་།

དེ་ནི་བསོར་མོ་བསོར་མོ་ཞིག་ཡིན་འགྲོ།


རྙོག་འཛིང་རྙོག་འཛིང་ཞིག་ཡིན་པའི།

མི་དང་མི་ཡི་བར་གྱི་འབྲེལ་བ།

དྲང་མོ་ཚིག་གིས་བརྡ་རེ་སྤྲོད་དང་།

དེ་ནི་བདེ་མོ་བདེ་མོ་ཞིག་ཡིན་འགྲོ།


རིང་བོ་རིང་བོ་ཞིག་ཡིན་པའི།

རེས་དགའ་རེས་སྡུག་གི་མི་ཚེ།

བྱས་པའི་ལས་ལ་ཕྱིར་ལྟོས་རེ་བྱོས་དང་།

དེ་ནི་ཐུང་ཐུང་ཐུང་ཐུང་ཞིག་ཡིན་འགྲོ།

གངས་སྒྲ་སྙན་འཕྲིན་སྟེགས་ལས་བཏུས།

Комментарии

Информация по комментариям в разработке