Mugum dance 🕺💃

Описание к видео Mugum dance 🕺💃

2080-01-22 Buddha jayanti ko lagi nach gana vidyarthi haru lai sikne karam ma guru haru le nachera vidyarthi haru lai dekhau da khyeri ko nach jumla ma, especially yo nach chai buddha jayanti ko lagi ho.
༼མུ་གུམ་གྱི་གླུ་གཞས་དགུང་སྔོན་མཐོན་པོ།༽
ལགས་སོ། ཡ་ལགས་སོ་གཅིག་ཆ། ཡ་ལགས་སོ་གཉིས་ཆ། ཡ་ལགས་སོ་གསུམ་ཆ།
གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་ཡ་བདུན་ཡ།
༡༽དགུང་སྔོན་མཐོན་པོ་ཕྱི་ཡི་ལྕགས་རི་ཡི་འདྲ།
ཤཱཀྱ་ཐུབ་པ་ནང་གི་ནོར་བུ་རང་འདྲ།༢
དེ་ལ་ཨོ་ལོ་གཅིག་གི་སྐོར་ར་ལ་འགྲོ།
དེ་ལ་གཞོན་པ་གཉིས་ཀྱི་གཡས་སྐོར་ལ་འགྲོ།
ཚེ་ལ་བར་ཆད་མ་གཏང་བླ་མ་མཁྱེན།
ཡོངས་ལ་བར་ཆད་མ་གཏང་སངས་རྒྱས་མཁྱེན།
༢༽སྒོམ་ཆེན་ཆེན་པོ་ཕྱི་ཡི་ལྕགས་རི་ཡི་འདྲ།
ཡར་འདྲེན་བླ་མ་ནང་གི་ནོར་བུ་རང་འདྲ།༢
དེ་ལ་ཨོ་ལོ་གཅིག་གི་སྐོར་ར་ལ་འགྲོ།
དེ་ལ་གཞོན་པ་གཉིས་ཀྱི་གཡས་སྐོར་ལ་འགྲོ།
ཚེ་ལ་བར་ཆད་མ་གཏང་བླ་མ་མཁྱེན།
ཡོངས་ལ་བར་ཆད་མ་གཏང་སངས་རྒྱས་མཁྱེན།
༣༽དཔལ་སྒང་གྲུ་བཞི་ཕྱི་ཡི་ལྕགས་རི་ཡི་འདྲ།
མི་སེར་འཛོམས་པོ་ནང་གི་ནོར་བུ་རང་འདྲ། ༢
དེ་ལ་ཨོ་ལོ་གཅིག་གི་སྐོར་ར་ལ་འགྲོ།
དེ་ལ་གཞོན་པ་གཉིས་ཀྱི་གཡས་སྐོར་ལ་འགྲོ།
ཚེ་ལ་བར་ཆད་མ་གཏང་བླ་མ་མཁྱེན།
ཡོངས་ལ་བར་ཆད་མ་གཏང་སངས་རྒྱས་མཁྱེན།།

Комментарии

Информация по комментариям в разработке