Vajra & Bell Explanation pt-1 ༼ རྡོར་དྲིལ་གྱི་འགྲེལ​་བཤད༽ by Gomde Lharampa

Описание к видео Vajra & Bell Explanation pt-1 ༼ རྡོར་དྲིལ་གྱི་འགྲེལ​་བཤད༽ by Gomde Lharampa

༼ རྡོར་དྲིལ་གྱི་འགྲེལ​་བཤད༽ Vajra & Bell Explanation by Gomde Lharampa Geshe Thubten Samdup.

VAJRA
རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས།
དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན།

རྡོ་རྗེས་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་དང་།
དྲིལ་བུས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཚོན།

སྟེང་རྭ་ལྔས་རྒྱལ་བ་རིགས་ལྔ་སྟེ། ༡ དབུས་རྭས་མི་བསྐྱོད་པ། ༢ ཤར་རྭས་རྣམ་སྣང་། ༣ ལྷོ་རྭས་རིན་འབྱུང། ༤ ནུབ་རྭས་འོད་དཔག་མེད། ༥ བྱང་རྭས་དོན་གྲུབ་བཅས་མཚོན་ནོ།

སྟེང་གི་པད་འདབ་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད་མཚོན། ཤར(༡ བྱམས་པ་དང་ ༢ སའི་སྙིང་པོ) ལྷོར(༣ ཕྱག་ན་རྡོ་རྗེ་དང་ ༤ ནམ་མཁའི་སྙིང་པོ) ནུབ(༥ འཇིག་རྟེན་དབང་ཕྱུག་དང་ ༦ འཇམ་དཔལ་དབྱངས) བྱང(༧ སྒྲིབ་པ་རྣམ་སེལ་དང་ ༨ ཀུན་བཟང)
འོག་རྭ་ལྔས་མཁའ་འགྲོ་སྡེ་ལྔ་སྟེ། ༡ དབུས་སུ་ཡེ་ཤེས་མཁའ་འགྲོ་མ། ༢ ཤར་དུ་རྡོ་རྗེ་མཁའ་འགྲོ་མ། ༣ བྱང་དུ་དྲག་མོ། ༤ ནུབ་ཏུ་རོ་ལངས་མ། ༥ ལྷོར་གཏུམ་མོ་དང་ལྔའོ།

འོག་གི་པད་འདབ་བརྒྱད་ལྷ་མོ་བརྒྱད་མཚོན་ཏེ། ༡ ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ། ༢ ལྷོར་ཞགས་པ་མ། ༣ ནུབ་ཏུ་ལྕགས་སྒྲོག་མ། ༤ བྱང་དུ་དྲིལ་བུ་མ། ༥ ཤར་ལྷོར་ཙུནྡ། ༦ ལྷོ་ནུབ་ཏུ་རིན་ཆེན་སྒྲོལ་མ། ༧ ནུབ་བྱང་དུ་རྡོ་རྗེ་ལུ་གུ་རྒྱུད། ༨ བྱང་ཤར་དུ་གཞན་གྱིས་མི་ཐུབ་མ།

རྭ་རྣམས་ཆུ་སྲིན་གྱི་ཁ་ནས་འཐོན་པ་ནི་སྙིང་རྗེས་སེམས་ཅན་མི་གཏོང་བ།
འོད་ཟེར་ནི་གདུལ་བྱའི་རེ་བ་སྐོང་བའི་(སངས་རྒྱས་ཀྱི)ཕྲིན་ལས་ཀྱི་འོད་ཟེར་རབ་ཏུ་རྒྱས་པ་མཚོན།

རྭ་དབུས་མའི་རྐེད་དཀྲིས་གསུམ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མཚོན།
ཟླ་བའི་དཀྱིལ་འཁོར་ནི། ཀུན་རྫོབ་ནི་རྣམ་དག་འཆད་པའི་ཚེ་ལྷ་རྣམས་ཀྱི་གདན་མཚོན།

BELL
དྲིལ་བུའི་ཞལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ལྷ་མོའི་རྣམ་པར་ཤར་བའི་ཤེས་རབ་མ་(རྡོ་རྗེ་འཆང་ཡུམ)དེ་མཚོན།
བདུད་རྩིའི་བུམ་པས་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པ་མཚོན། དབྱུ་གུས་ཀྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན།

པད་འདབ་ལ་གནས་པའི་ཡི་གེ་བརྒྱད་ཀྱིས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན།
(ལྷ་མོ་བརྒྱད་ནི། ༡ ཤར་དུ་(ལྃ)ལོ་ཙ་ནཱ། སྤྱན་མ། ༢ ཤར་ལྷོར་(བྃ)བ་སུ་དྷ་རི། ནོར་རྒྱུན་མ། ༣ ལྷོར་(མྃ)མཱ་མ་ཀི། བདག་ཉིད་མའམ་སྙེམས་མ། ༤ ལྷོ་ནུབ་ཏུ་(ཙུྃ)ཙུནྡ། སྐུལ་བྱེད་མ། ༥ ནུབ་ཏུ་(པྃ)པཎྡ་རཱ་ཝ་སི་ནི། གོས་དཀར་མོ། ༦ ནུབ་བྱང་དུ་(བྷྲིཾ )བྷྲི་ཀུཊེ། ཁྲོ་གཉེར་ཅན་མ། ༧ བྱང་དུ་(ཏྃ)ཏཱ་ར། སྒྲོལ་མ། ༨ བྱང་ཤར་ཏུ་(མྃ)མཱ་ལི་ནཱི།ཕྲེང་བ་མ།

གཤེགས་པ་བཞི- ཤར(རྣམ་སྣང། འཁོར་ལོ) ལྷོ(རིན་འབྱུང། རིན་པོ་ཆེ) ནུབ(འོད་དཔག་མེད། པདྨ) བྱང(དོན་གྲུབ་། རལ་གྲི)
གཤེགས་མ་བཞི- ཤར་ལྷོར(སྤྱན་མ། སྤྱན) ལྷོ་ནུབ(མཱ་མ་ཀི། རྡོ་རྗེ) ནུབ་བྱང(གོས་དཀར་མོ། ཨུཏྤལ) བྱང་ཤར(སྒྲོལ་མ། སྣ་ཚོགས་རྡོ་རྗེ)

Комментарии

Информация по комментариям в разработке