Logo video2dn
  • Сохранить видео с ютуба
  • Категории
    • Музыка
    • Кино и Анимация
    • Автомобили
    • Животные
    • Спорт
    • Путешествия
    • Игры
    • Люди и Блоги
    • Юмор
    • Развлечения
    • Новости и Политика
    • Howto и Стиль
    • Diy своими руками
    • Образование
    • Наука и Технологии
    • Некоммерческие Организации
  • О сайте

Скачать или смотреть ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།

  • 티벳 거복이의 지혜
  • 2023-09-13
  • 107
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།
  • ok logo

Скачать ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ། бесплатно в качестве 4к (2к / 1080p)

У нас вы можете скачать бесплатно ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ། или посмотреть видео с ютуба в максимальном доступном качестве.

Для скачивания выберите вариант из формы ниже:

  • Информация по загрузке:

Cкачать музыку ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ། бесплатно в формате MP3:

Если иконки загрузки не отобразились, ПОЖАЛУЙСТА, НАЖМИТЕ ЗДЕСЬ или обновите страницу
Если у вас возникли трудности с загрузкой, пожалуйста, свяжитесь с нами по контактам, указанным в нижней части страницы.
Спасибо за использование сервиса video2dn.com

Описание к видео ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།

༄༅། །ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་འོད་སྣང་།

གསུང་བ་པོ། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།
ཡིག་འབེབས་པ། འཇམ་དབྱངས་དཀར་པོ།
གསུང་གནས། དྷ་ས་བཞུགས་སྒར་ཕོ་བྲང་།
གདུལ་བྱ། མཇལ་ཞུ་བ་ཁག་ཅིག
གསུང་དུས། སྤྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༣ ཉིན།

ཁྱོད་ཚོའི་ཁ་ཤས་ཀྱིས་མ་ཎིའི་ལུང་ཞིག་བཏོན་ན་ཟེར་ཡང་། སྔོན་ལ་འདི་ལྟར་དྲན་སོང་། ཚང་མར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། བསམ་བློ་གཏོང་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་པའི་ཆོས་ནི་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་ཡི་ཡོད་པ་ལས་དད་པ་གཅིག་པུ་མིན། ཡི་ཤུའི་ཆོས་དང་ཁ་ཆེའི་ཆོས་ལ་སོགས་པས་དད་པ་གཙོ་བོར་བྱས་ནས་འགྲོ་ཡི་ཡོད་ཀྱང་། ནང་པའི་ཆོས་དང་། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ནང་པའི་ཆོས་ཀྱིས་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་ཡི་ཡོད་པས། "སྐྱབས་སུ་མཆི་"ཟེར་བ་གཅིག་པུ་མིན་པར། བསམ་བློ་མང་པོ་བཏང་ནས་འགྲོ་ཡི་ཡོད།

གང་ལྟར་སེམས་རྒྱུད་ལ་མི་སྐྱིད་པ་བཟོ་མཁན་གྱི་བློ་གང་ཡོད་པ་དེ་དག་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཤུགས་ཆུང་དུ་གཏོང་བར། ཕན་ཐོགས་ཡོད་པའི་དད་པ་དང་། སྙིང་རྗེ་སོགས་ཀྱི་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཤུགས་ཆེ་རུ་འགྲོ་བ་དེ། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ནང་ཆོས་ཀྱི་ཁྱད་ཆོས་ཡིན་པས། དད་པ་གཅིག་པུ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། རྗེ་བཙུན་འཇམ་པའི་དབྱངས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།

རྗེ་བཙུན་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ཡིན་པས། ང་ཚོའི་སེམས་ཀྱི་རྨོངས་པའི་མུན་པ་ག་ལེར་བསལ་ནས། མཐར་ཐུག་སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཡིན། འཕྲལ་སེལ་གྱི་སྐྱབས་སུ་མཆི་ཟེར་བ་ཙམ་མིན་པར། ཆོས་ཕྱོགས་ཀྱི་བསམ་བློ་བཏང་ནས། ཆོས་རྣམ་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བའི་ཐོག་ནས། མཐར་སངས་རྒྱས་ཀྱི་གོ་འཕང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་ཐུབ་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཡིན་པར་བརྟེན། སྲིད་པ་འཁོར་བ་ལ་འཁོར་བ་དེ་མ་རིག་པའི་དབང་གིས་འཁོར་གྱི་ཡོད་པ་དང་། ཉོན་མོངས་པའི་རྩ་བ་མ་རིག་པ་ཡིན། མ་རིག་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཕར་བསལ་ནས། ང་ཚོའི་རྒྱུད་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་ཐུབ།

ཤེས་རབ་སྒྲོན་མེས་རབ་ཏུ་གསལ།། ཞེས་གསུངས་པ་ལྟར། རྗེ་བཙུན་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ཡིན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་གདབ་རྒྱུ་གལ་ཆེན་པོ་ཡིན་པས། སྔོན་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙའི་ལུང་བཏོན་ན་འདོད་སོང་།

གཞོན་ནུའི་ཆ་ལུགས་འཆང་བ་པོ།། ཤེས་རབ་སྒྲོན་མེས་རབ་ཏུ་གསལ།། འཇིག་རྟེན་གསུམ་གྱི་མུན་སེལ་བ།། ཞེས་འཇིག་རྟེན་གསུམ་གྱི་སྡུག་བསྔལ་གྱི་རྩ་བ་མ་རིག་པའི་མུན་པས་བྱེད་ཀྱི་ཡོད་པས། མ་རིག་པའི་མུན་པ་དེ་ཕར་བསལ་ནས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་འོད་སྣང་དེ་འཛམ་བུའི་གླིང་ལ་ཁྱབ་པ་ཡིན་ན། རྨོངས་པའི་དབང་གིས་འཁྲུག་པ་རྒྱག་པ། མི་གསོད་རེས་གཏོང་བ། རྐུ་བྱེད་པ་ལ་སོགས་པ་མེད་པ་ཆགས་ངེས་ཡིན། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་པོ་འདུག་པར་བརྟེན། རྗེ་བཙུན་འཇམ་པའི་དབྱངས་ལ། ང་ཚོའི་རྒྱུད་ལ་ཡོད་པའི་མ་རིག་པའི་རྨོངས་པ་མྱུར་བ་མྱུར་དུ་བསལ་བའི་ཐོག་ནས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པར་ཤོག་ཅེས་གསོལ་བ་ཐོབས།

ང་ལ་ཆ་བཞག་ཀྱང་ཆུང་ཆུང་སྐབས་ཏེ། སྐུ་འབུམ་ན་ཡོད་དུས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙ་བགྲང་གི་ཡོད་པས། སྦོར་ཤོབ་བཤད་པ་མིན་ཡང་རྗེ་བཙུན་འཇམ་པའི་དབྱངས་བསྒྲུབས་ནས་ངའི་རིག་པ་ཡག་པོ་ཡོད། ང་ཚོའི་མགོའི་ཆེ་ཆུང་གཅིག་པ་ཡིན་ཡང་ངའི་མགོའི་ནང་གི་ཀླད་པ་དེ་ཧ་ཅང་གྲུང་པོ་ཡོད། དེར་བརྟེན་ཁྱོད་ཚོས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས། རྒྱལ་བ་རིན་པོ་ཆེའི་ཀླད་པ་ཇི་བཞིན་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབས་ནས་འདི་རྗེས་ཟློས་བྱོས།

གཞོན་ནུའི་ཆ་ལུགས་འཆང་བ་པོ།། ཤེས་རབ་སྒྲོན་མེས་རབ་ཏུ་གསལ།། འཇིག་རྟེན་གསུམ་གྱི་མུན་སེལ་བ།། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཨོཾ་ཨ་ར་པ་ཙ་ན་དྷཱིཿ

རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས། ཨོཾ་ཨ་ར་པ་ཙ་ན་དྷཱིཿ(མཇལ་ཞུ་བའི་ལྷན་ཕྲེང་སྐོར་གཅིག་བགྲངས།)

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ལ་བརྟེན་ནས་འཕྲལ་དང་ཕུགས། རྒྱ་ཆེ་ས་ནས་ཕན་ཡོན་ཡག་པོ་ཞིག་ཤེས་ཡོང་སྐབས། བྱང་ཆུབ་ཀྱི་སེམས་ལ་དོ་སྣང་ཤུགས་ཆེན་པོ་སླེབ་ཀྱི་ཡོད། རྒྱལ་བ་ཀུན་གྱི་བྱང་ཆུབ་ཀྱི་སེམས་དང་བརྩེ་བའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དེ་སྙིང་རྗེ་ལྷ་གཙོ་བོ་ཆགས་ཡོད་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་བགྲངས་ནས། ང་ཚོའི་ཀླད་པ་གྲུང་པོ་ཆགས་ཡོང་བ་ན། འཕྲལ་གྱི་ཁེ་ཕན་དང་། ཕུགས་ཀྱི་ཁེ་ཕན། རང་གི་ཁེ་ཕན། སེམས་ཅན་གཞན་གྱི་ཁེ་ཕན་ཅི་འདྲ་དང་ཅི་འདྲ་འདུག་བསམས་ནས་བསམ་བློ་འཁོར་ཡོང་སྐབས། ཀུན་ལ་ཕན་པ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པས་མ་ཎི་མཉམ་དུ་བགྲོངས།

ཨོཾ་མ་ཎི་པདྨེ་ཧཱུཾ།(མཇལ་ཞུ་བའི་ལྷན་མ་ཎི་ཕྲེང་སྐོར་གཅིག་བགྲངས།)

འཇམ་པའི་དབྱངས་ཀྱི་བྱིན་རླབས་ཀྱི་རལ་གྲིས་ང་ཚོའི་སེམས་ཀྱི་རྨོངས་པ་དེ་ག་ལེར་བསལ་ནས། རང་གཞན་གྱི་བདེ་སྐྱིད་ཀྱི་རྩ་བ་དེ་བྱང་ཆུབ་ཀྱི་སེམས་ཡིན་པ་ཤེས་པའི་ཐོག་ནས་མ་ཎི་བགྲངས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ། གཉིས་ནས་བོད་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད་པར་བརྟེན། བོད་པས་ལྷག་པའི་ལྷ་ཅི་ཞིག་སྒྲུབ་ཀྱང་ཐོབ་ཐང་གཅིག་པ་ཡོད་ཀྱང་། སྤྱན་རས་གཟིགས་སྒྲུབ་ན་འགྲུབ་ཐག་ཉེ་བ་ཞིག་ཆགས་ཡོད་པར་མ་ཟད། བོད་གངས་ཅན་པའི་ལྷ་སྐལ་ཡང་ཡིན་པས། རྒྱུན་དུ་མ་ཎི་ཡག་པོ་བགྲངས་ནས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་ཐོབས།

Комментарии

Информация по комментариям в разработке

Похожие видео

  • О нас
  • Контакты
  • Отказ от ответственности - Disclaimer
  • Условия использования сайта - TOS
  • Политика конфиденциальности

video2dn Copyright © 2023 - 2025

Контакты для правообладателей [email protected]