མཉམ་གཞས། ཆིག་སྒྲིལ། | Unity | Tibetan Song | Tibetan Institute Of Performing Arts

Описание к видео མཉམ་གཞས། ཆིག་སྒྲིལ། | Unity | Tibetan Song | Tibetan Institute Of Performing Arts

ཆིག་སྒྲིལ་ཞེས་པའི་མཉམ་གཞས་འདི་ནི་བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་མིའི་ཐོག་མའི་འབྱུང་ཁུངས་ནི་ལྷོ་ཁ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དང་འདྲེས་ཤིང་།དེ་ནས་བྲག་གཟན་གྱི་བརྒྱུད་པ་མང་དུ་མཆེད་པ་རྣམས་ཕ་མ་གཅིག་གི་བུ་དང་རུས་པ་གཅིག་གི་སྤུན་ཡིན་པ་དང་།ཕྱིས་སུ་ཆོས་རྒྱལ་ཡབ་མེས་གོང་མ་རྣམས་ཀྱི་ཆབ་སྲིད་ཀྱི་མངའ་ཐང་རྒྱ་བསྐྱེད་ཇི་ཆེར་བཏང་སྟེ་བོད་ཀྱི་རྒྱལ་ཁབ་ཆེན་པོ་ནམ་མཁའ་ལྟར་གྱུང་ཞིང་།མཐུན་སྒྲི་གྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་བའི་ལོ་རྒྱུན་ཡུན་རིང་ལྡན་པའི་མི་རིགས་འདི་ལ།ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རང་གི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་མང་པོ་ཞིག་བཙན་བྱོལ་དུ་ཡོང་དགོས་པའི་གནས་སྟངས་སུ་གྱར་ཡོད།འོན་ཀྱང་ད་སྐབས་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་གནས་བབ་གང་ཙམ་འཐུས་ཚང་གྱུར་དུས་ང་ཚོས་རང་གི་རྩ་བའི་བླ་བའི་བཀའ་དགོངས་ཇི་བཞིན་དུ་མ་བསྒྲུབ་པར་བོད་མི་ནང་འཁུལ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཁོ་ན་བྱས་པ་མ་གཏོགས་བོད་མི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་མནོ་བསམ་གཏོང་མཁན་ཏོག་ཙམ་དཀའ་མོ་ཡིན་སྟབས།དེ་རིང་ང་ཚོ་རྔོན་པ་རུ་ཁག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུའི་རེ་སྒུལ་ཆེད་ཆིག་སྒྲིལ་ཞེས་པའི་མཉམ་གཞས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན་པས།ལྷན་རྒྱས་ཀུན་གྱིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་གཟིགས་ཞིབ་ཡོང་བའི་སྨོན་འདུན་ཞུ།

Комментарии

Информация по комментариям в разработке