New Tibetan Thungkar Song 2023 || ༧གོང་ས་མཆོག / GONGSA CHOK || BY TSERING DOLMA

Описание к видео New Tibetan Thungkar Song 2023 || ༧གོང་ས་མཆོག / GONGSA CHOK || BY TSERING DOLMA

གཞས་ཚིག ཀརྨ་གཞན་དགའ།
ལེན་མཁན། ཚེ་རིང་སྒྲོལ་མ།
གདངས། དམངས་འབྲོག



རྒྱལ་ཀུན་སྙིང་རྗེའི་རང་གཟུགས། །
༧གོང་ས་མཆོག །
བསྟན་པ་སྐྱོང་ཕྱིར་མི་ཡི་ཚུལ་གཟུང་བ། །
༧རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཞེས། །
རྒྱལ་སྲས་སེམས་དཔའ་ཆེན་པོ་ཁྱེད་ལ་འདུད། །
ཞི་ཞིང་འཛུམ་མདང་འཕྲོ་བའི། །
༧སྐྱབས་མགོན་མཆོག །
སྙིང་རྗེའི་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགས། །
དགྲ་མཉེན་མཉམ་པར་གཟིགས་པའི་སེམས་ལྡན་པ། །
མཁྱེན་པའི་བདག་པོ་རྒྱལ་ཚབ་ཁྱེད་ཉིད་ཙམ། །


འཛམ་གླིང་གོ་ལ་ཧྲིལ་པོའི། །
དབུ་ཁྲིད་ཁྱེད། །
ས་ཡ་དྲུག་པོའི་སྙིང་གི་འདྲེན་པ་མཆོག། །
བཙན་པོའི་གདུང་རྒྱུད་རིས་སུ་མ་ཆད་པར། །
ཁ་བའི་ཟུངས་ཁྲག་བཞུར་རྒྱུན་དྭངས་མ་ཡིན། །
ཤེལ་དཀར་ལྷུན་པོའི་རང་བཞིན། །
ལྷད་མེད་ཅིག །
གངས་རིའི་བུ་མོའི་བསྟོད་དབྱངས་སྦྲང་ཆར་འདིས། །
༧ཡིད་བཞིན་ནོར་བུའི་ཐུགས་དགོངས་མཛེས་བྱས་ནས། །
གདུལ་བྱའི་སྐྱེ་བོའི་ཚོགས་རྣམས་སྨིན་གྱུར་ཅིག །

Комментарии

Информация по комментариям в разработке