བྱང་ཤམ་བྷ་ལ། shambala

Описание к видео བྱང་ཤམ་བྷ་ལ། shambala

ཉེ་མོ་མིག་གིས་མ་མཐོང་ཡང་།།
རིང་པོ་རྣ་བས་ཐོས་ཚུལ་ལ།།
རྡོ་རྗེ་གདན་གྱི་བྱང་གི་ཕྱོགས།།
རི་ནག་དགུ་འདས་ཕ་རོལ་ན།།
ཏི་སི་གངས་ཀྱི་ཕ་རོལ་ན།།
ཆུ་བོ་སི་ཏའི་ཕ་རོལ་ན།།
རིགས་ལྡན་དྲག་པོའི་རྒྱལ་ཁམས་ཏེ།།
ཤམ་བྷ་ལ་ཞེས་གྲགས་པ་ཡོད།།
མ་འོངས་བསྐལ་པའི་སོ་མཚམས་ལ།།
ནག་ཕྱོགས་རྩད་ནས་གཞོམ་འགྱུར་ཞིང་།།
རྫོགས་ལྡན་གསེར་གྱི་དུས་རབས་ཤིག།
བསྐྲུན་པའི་ལུང་བསྟན་ཤིན་ཏུ་མང་།།
གཟའ་ལྷག་པ་ལ་གཏོང་དགོས་བསམས་ཏེ། དྲ་གྲོགས་མང་པོ་ཞིག་གིས་ཉི་མ་ལོ་ལས་རིང་བ་ལྟར་གྱུར་ནས་སྒུག་ཐུབ་ཀྱི་མི་འདུག་ཟེར་བས་སྔ་ནུར་གྱིས་བཏང་ཡོད། མ་འགྲིག་པ་འདུག་ན་མཆན་ཐོབ།

Комментарии

Информация по комментариям в разработке