ཞི་ཅིན་ཕིང་ཨ་རིར་འབྱོར་བར་ངོ་རྒོལ། President Xi Arrival in US Brings Protesters

Описание к видео ཞི་ཅིན་ཕིང་ཨ་རིར་འབྱོར་བར་ངོ་རྒོལ། President Xi Arrival in US Brings Protesters

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༤ ཉིན་ཨ་མི་རི་ཀའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་སེན་ཕརེན་སིས་ཀོ་གྲོང་ཁྱེར་དུ་འབྱོར་ཞིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཚོང་དོན་ལྷན་ཚོགས་ཀྱི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པའི་ཞྭར་ལ་སྲིད་འཛིན་སྦཡེ་ཌན་དང་མཇལ་ཕྲད་གནང་བཞིན་ཡོད་པའི་སྐབས་འདིར། ཕྱི་ཟླ་ ༡༡ ཚེས་ ༡༤ དང་ ཚེས་ ༡༥ བཅས་སོ་སོར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་མ་ལག དེ་བཞིན་བོད་ཀྱི་གྲོགས་པོ་ཚོགས་པ་བོད་དོན་ལས་འགུལ་བ་རྣམས་ཀྱིས་ཤིན་ཅང་ཡུ་གུར་མི་རིགས་དང་། ཧོང་ཀོང་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་མཉམ་སྦྲེལ་གྱིས་ཞི་ཅིན་ཕིང་འབྱོར་སྐབས་རྔམ་སྟོན་ལས་འགུལ་སྤེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སེལ་དགོས་པ་དང་། ཞི་ཅིན་ཕིང་གིས་བོད་ནང་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པར་འགན་དཀྲི་བསྐུར་དགོས་པ། བོད་ནང་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་ཤེས་ཡོན་སློབ་གསོའི་ཐོག་ནས་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་བཅས་པ་རྩ་མེད་བཟོ་བའི་བྱ་ཐབས་ལ་བསྒྲགས་གཏམ་གྱི་ཐོག་ནས་སྐྱོན་བརྗོད་ཀྱིས་འཕྲལ་དུ་རང་དབང་གི་རྟོག་ཞིབ་པ་ལྟ་སྐོར་དུ་བསྐྱོད་བཅུག་དགོས་པའི་དགོས་འདུན་བཏོན་འདུག
Chinese President Xi Jinping’s first trip to the US in six years drew crowds of Tibetan protesters urging world leaders gathered for the high-stake APEC meeting to hold Xi Jinping and the Chinese government accountable for their extreme policies against Tibetans.
Reporter: Tenzin Dickyi
Producer: Passang Dhonden


བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube:    / rfatibetan  
facebook:   / rfa.tibetan  
twitter:   / rfatibet  
soundcloud:   / rfatibetan  
podcast: http://www.rfa.org/tibetan/podcasts/

Комментарии

Информация по комментариям в разработке