འཛམ་གླིང་ཡོངས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

Описание к видео འཛམ་གླིང་ཡོངས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

· བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བོད་མི་གནས་ཡུལ་ཚང་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་འཕྲོད་བཞེས་ལེགས་གྲུབ་ཀྱིས་ཨ་རིའི་ནིའུ་ཡོག་ཏུ་༧སྐུ་ངལ་གསོ་བཞུགས་མཛད་པའི་དུས་སྐབས་འདིར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་༧སྐུའི་འཁྲུངས་སྐར་གྱི་གསུང་འཕྲིན་སྩལ་གནང་མཛད་པ།
· སོག་ཡུལ་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ཚེ་སྒྲུབ་དང་སྲོག་བླུ་ཚེ་ཐར། དེ་བཞིན་ཤིང་སྡོང་འདེབས་འཛུགས་སོགས་གནང་པའི་བརྒྱུད་༧སྐུའི་འཁྲུང་སྐར་སྲུང་བརྩི་ཟབ་རྒྱས་ཞུས་འདུག
· བོད་མིའི་གཞོན་སྐྱེས་ཚོ་འགོ་ཁྲིད་ཆགས་དགོས་ན་དཔལ་འབྱོར་དང་གོ་གནས་ལ་ལྟོས་མེད་ཀྱིས་སྤྱི་བའི་ལས་དོན་བསྒྲུབ་རྒྱུའི་ཀུན་སློང་བཅང་དགོས་པ་ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་གསུངས་བྱུང་།
Anchor: Tashi Wangchuk
Producer: Passang Dhonden
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube:    / rfatibetan  
facebook:   / rfa.tibetan  
twitter:   / rfatibet  
soundcloud:   / rfatibetan  
podcast: http://www.rfa.org/tibetan/podcasts/

Комментарии

Информация по комментариям в разработке