བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༤།༡༢།༡༦ Tibet TV Daily News – December.16, 2024

Описание к видео བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༤།༡༢།༡༦ Tibet TV Daily News – December.16, 2024

◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཝ་ཤིང་ཀྲོན་ནང་གི་གཞུང་འབྲེལ་ལས་དོན་ཁག་ལེགས་གྲུབ་དང་བསྟུན་ཕི་ལ་ཌེལ་ཕི་ཡའི་(Philadelphia)གྲོང་ཁྱེར་དུ་འཚམས་གཟིགས་གནང་བ།
◆ རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་སྟེང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་ཚོགས་པ།
◆ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བལ་ཡུལ་དུ་ཆོས་འབྲེལ་བཀའ་དྲིན་སྩལ་བའི་མཛད་སྒོར་སྐུ་ཚབ་དོན་གཅོད་ལྷན་ཞུགས་གནང་བ།
◆ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འཕྲིན་ལས་རྒྱས་ཐབས་སུ་གཡང་བུམ་སྨིན་སྒྲུབ་ཞུས་པ།
◆ ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་གནང་བ།
◆ ཕྱི་དྲིལ་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གྲངས་གསུམ་གྱི་རིང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་ཕུལ་བ།

Комментарии

Информация по комментариям в разработке