NEW TIBETAN SONG 2024 (Ngari) || རྫ་མགོ་གཡའ་མགོ ||སྒེར་རྩེ་དགེ་རྒྱས་ངག་གླུ། DZA-GO-YAGO

Описание к видео NEW TIBETAN SONG 2024 (Ngari) || རྫ་མགོ་གཡའ་མགོ ||སྒེར་རྩེ་དགེ་རྒྱས་ངག་གླུ། DZA-GO-YAGO

ཤག་སྒང་སྒྲ་འཇུག་ཁང་།
རྫོགས་ཤད་ཐེབས་ལ་ཉེ་བའི་གནའ་བོའི་གླུ་གར་གྱི། ཚིག་སྒྲ་དང་དབྱངས་སྒྲ་རྣམས་ཇི་བཞིན་ཏེ། སྒྲ་ཉམས་གྲུ་ཆག་མེད་པར། མི་རབས་གཞོན་པར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་དེ་ཡིན།

རྫ་མགོ་གཡའ་མགོ་ནི། བདག་གི་བརྙན་ལེན་གླུ་དབྱངས་ཐེངས་བཞི་པ་སྟེ། སྟོད་མངའ་རིས་སྒེར་རྩེ་དགེ་རྒྱས་ཁུལ་གྱི། གདོད་མའི་འབྲོག་པའི་འཚོ་བ་དང་། ཁོར་ཡུག་གི་དྲི་ངད་གཤའ་མ་འཐུལ་འོང་ཞིང་། ཚིག་དོན་གང་གི་ཆ་ནས་ཀྱང་ཡིད་དུ་འོངས་པའི་ངག་གླུ་ཡག་མོ་ཞིག་ཡིན།
ཐེངས་བཞི་པ་འདིའི་འགྲེམས་སྤེལ་ནི། དཔལ་ལྡན་རང་གཞུང་ཆོས་རིག་ལས་ཁུངས་ཀྱི། བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི། ཞེས་པའི་ལས་འཆར་གྱི་དངུལ་སྒྲོན་འོག་ནས་འདོན་སྤེལ་ཞུས་པ་ལགས།

CREDIT: ZAGO YAGO

DIRECTOR: Shakgang Pasang Tsering

PRODUCER:
USAID From the American People
THE Tibet Fund (TTF)
Tibetan Arts and Culture Fund (TACF) CHORIG CTA

SINGER: Shakgang Pasang Tsering

LYRICS REFERENCE: Sangyal Tendar

LEAD CAST: Shakgang Tenzin Gedun Shakgang Tenzin Tselha

CINEMATOGOLY: Tenzin Lhagyal

MUSIC PRODUCER: Pema Wangdi Lama (Studio Acoustic Nepal)

CHOROGRAPHER: Phurbu Tsering

ARTIST:
Phurbu Tsering
Tashi Lhakden
Tenzin Wangmo
Kalsang Dolma

WARDROBE: Tenzin Nudol
Shakgang Family

LYRICS: གཞས་ཚིག རྫ་མགོ་གཡའ་མགོ
༡ རྫ་མགོ་གཡའ་མགོ་གངས་མགོ་གསུམ། སྒང་གསུམ་དེ་ལས་མཐོ་ལེ་སོ་ཨ་སྔོན་གནམ། གསེར་སོ་ཉི་མས་གཡས་སྐོར་སོ་འཁྱིར་རི་རི། དུང་སོ་ཟླ་བའི་གཡོན་སྐོར་སོ་འཁོར་རོ་རོ། འབྲུག་སོ་ཕོ་འབྲུག་གསུང་སྐད་སོ་ལྡིར་རི་རི། ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ (གཅིག) ཁྲོབས།
༢ རྫ་རྐེད་གཡའ་རྐེད་གངས་རྐེད་གསུམ། རྐེད་གསུམ་དེ་ལ་མཐོ་ལེ་སོ་དཀར་རྫོང་བྲག བྱ་སོ་ཐང་དཀར་གཡས་སྐོར་སོ་འཁྱིར་རི་རི། བྱ་སོ་ཐང་མུག་གཡོན་སྐོར་སོ་འཁོར་རོ་རོ། རླུང་སོ་བསིལ་མའི་གསུང་སྐད་སོ་ལྡིར་རི་རི། ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༣ རྫ་གཤམ་གཡའ་གཤམ་གངས་གཤམ་གསུམ། གཤམ་གསུམ་དེ་ལས་དམའ་ལེ་སོ་སྔོན་མོའི་མཚོ། བྱ་སོ་ངང་མོ་གཡས་སྐོར་སོ་འཁྱིར་རི་རི། ཉ་སོ་གསེར་མིག་གཡོན་སྐོར་སོ་འཁོར་རོ་རོ། ཆུ་སོ་རྫ་ཆུ་གསུང་སྐད་སོ་ལྡིར་རི་རི། ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༤ སྐྱིད་ན་ལུང་ན་ཁྲ་གོང་མ་ན། ཕ་དང་ཨ་ཁུ་གཉིས་ཀྱི་སོ་རྟ་ས་རེད། རྟ་སོ་ཁྲ་དམར་རྐྱང་ལ་སོ་འདྲེས་འདྲ་གདའ། རྟིའུ་སོ་ཅོ་པ་རྐྱང་རྩལ་སོ་ཤིག་སེ་ཤིག ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༥ སྐྱིད་ན་ལུང་ན་ཁྲ་བར་མ་ན། མ་དང་སྲུ་མོ་གཉིས་ཀྱི་སོ་ནོར་ས་རེད། ནོར་སོ་ཁྲ་བོ་འབྲོང་ལ་སོ་འདྲེས་འདྲ་གདའ། བེའུ་སོ་་་ཡ་རུ་འབྲོང་རྩལ་སོ་ཤིག་སེ་ཤིག ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༦ སྐྱིད་ན་ལུང་ན་ཁྲ་ཡོག་མ་ན། བུ་དང་ཚ་ཕྲུག་གཉིས་ཀྱི་སོ་ལུག་ས་རེད། ལུག་སོ་གཡང་མོ་གཉན་ལ་སོ་འདྲེས་འདྲ་གདའ། ཐོང་སོ་ཚེར་མོའི་གཉན་རྭ་སོ་ཤིག་སེ་ཤིག ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༧ ལ་ལ་མོ་ལབ་རྩེ་གོང་མ་ནས། སྔར་སོ་སྔོན་མ་བླ་མ་ (བླ་ཆེན།) སོ་ཕེབས་ཕེབས་གཉིས། བླ་མའི་ཆོས་ར་སོ་ཤིག་སེ་ཤིག ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།
༨ ལ་ལ་མོ་ལ་རྩེ་བར་མ་ནས། སྔར་སོ་སྔོན་མ་དཔོན་པོ་སོ་ཕེབས་ཕེབས་གཉིས། དཔོན་པོའི་ཁྲིམས་ར་སོ་ཤིག་སེ་ཤིག ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་བྲོ་ཙིག་ཁྲོབས།

༩ ལ་ལ་མོ་ལ་རྩེ་འོག་མ་ (ཡོག་མ།) ནས། སྔར་སོ་སྔོན་མ་ཇ་བ་སོ་སོང་སོང་གཉིས། ཇ་བའི་བྱ་ལམ་སོ་ཤིག་སེ་ཤིག ལ་རྩེ་དར་དཀར་སོ་བོངས་སེ་བོངས། ཨ་སྐྱིད་སོ་དེ་ལ་བལྟས་ལེ་སོ་་་་བྲོ་་་་་་ཙིག་ཁྲོབས།

Комментарии

Информация по комментариям в разработке