2022 སྐལ་བཟང་བཀྲ་ཤིས་དང་ཆོས་འཛོམས་གཉིས་ཀྱི་མཛའ་གཞས་རྡུང་ལེན། འགལ་བའི་སྐོར། སྨད་ཆ།

Описание к видео 2022 སྐལ་བཟང་བཀྲ་ཤིས་དང་ཆོས་འཛོམས་གཉིས་ཀྱི་མཛའ་གཞས་རྡུང་ལེན། འགལ་བའི་སྐོར། སྨད་ཆ།

ཕོ།
ཤོག་བུ་རྒྱ་ཤོག་དཀར་པོ། །
སྣག་ཚ་མི་ལེན་ཟེར་ན། །
སྨྱུ་གུ་དྭངས་བཟང་དབང་པོ། །
གང་ལ་བཙུགས་བཙུགས་ཡིན་པ། །

མོ།

རང་སེམས་ཁ་བཏགས་དཀར་པོ། །
རིང་ལ་སང་སང་བཏང་པས། །
མི་སེམས་མཐའ་རྒྱན་སྔོན་པོ། །
རིང་མ་ཐུང་ཞིག་བཏང་བྱུང་། །

ཕོ།

ཆུ་དང་ཆར་བ་འདྲེས་ནས། །
ཇ་ཆུ་མ་ཉན་ཚར་སོང་། །
སེམས་པ་རིང་ཐུང་ཤོར་ནས། །
གཏན་གྲོགས་མ་ཉན་ཚར་སོང་། །

མོ།

དེ་རིང་སང་གི་མི་ལ། །
སེམས་འགེལ་བློ་འགེལ་མ་གནང་། །
ཞོགས་པ་ཇ་ཆུ་ཉན་ཡང་། །
དགོང་མོ་འཐུང་ཆུ་མི་ཉན། །

ཕོ།

རྒོད་པོས་བྲག་སྟོད་བསམ་ནས། །
བྲག་ལ་ལྡིང་སྐོར་བརྒྱབ་ཡོད། །
བྲག་ལ་འུག་པའི་སྐྱེ་བ། །
ཡོད་འགྲོ་བསམ་པ་མ་བྱུང་། །

མོ།

དང་པོ་བྲག་ནས་སྐྱེ་དུས། །
མ་སྙོབ་རྟིང་བ་ཕྱག་ཕྱག །
གཉིས་པ་གཡང་ལ་དབྱུག་པའི། །
རྒྱུ་མཚན་ཤོད་རོགས་གནང་དང་། །

ཕོ།

སྤང་སྟོད་ཡ་གའི་རྩྭ་ཁ། །
སུ་ཟ་འདི་ཟ་མི་འདུག །
རི་བོང་བདག་མེད་ང་ལ། །
ཁག་ཉེས་འཇོག་པ་མ་གནང་། །

མོ།

ཤྭ་བ་རི་ལ་སྡོད་དུས། །
ཀླུང་ལ་བོབས་ཤོག་གསུང་གིས། །
ཀླུང་ལ་བབས་པའི་དུས་སུ། །
རྭ་ཅོ་རིང་བཞག་གསུང་གིས། །

ཕོ།

ཕར་རི་འདི་ནི་བྲག་རེད། །
ཚུར་རི་འདི་ནི་གཡང་རེད། །
ང་རང་སྨྱོ་ནི་མ་སྨྱོས། །
བྲག་མ་གཡང་ལ་མི་འཆོང་། །

མོ།

ཕ་རིའི་སྤང་ཁའི་སྟེང་ལ། །
རྟ་ཕོར་རྟོད་ཐག་བརྒྱབ་ཡོད། །
རྟ་ཕོ་འགྲོ་འདོད་ཡོད་ན། །
རྟོད་ཐག་གྲི་ཡིས་བཅད་ཆོག །

ཕོ།

སྤང་སྟོད་ལྷགས་པ་ཚ་བ། །
སྤང་སྨད་ཤྭ་ཁྱི་སྡང་བ། །
ཤྭ་བ་ང་ནི་མི་ཆགས། །
རྒོད་པོ་ཨེ་ཆགས་ལྟོས་དང་། །

མོ།

ཆུ་སྟོད་ཆུ་རིས་ཤིག་ཤིག །
ཆུ་སྨད་རྙོག་མ་ལོང་ལོང་། །
བར་ལ་སེར་བྱ་ངང་བས། །
དཀྲུག་ཤིང་བརྒྱབ་པ་མིན་ནམ། །

ཕོ།

འཇམ་ནི་འབུ་རས་འཇམ་བྱུང་། །
མཛེས་ནི་རས་ཁྲ་མཛེས་བྱུང་། །
འཇམ་པོ་འབུ་རས་གྱོན་ཚེ། །
རས་ཁྲ་དགོངས་པ་མ་ཚོམ། །

མོ།

བྱེའུ་གཅིག་གི་གྱོད་ལ། །
ཁང་བྱེའུ་གཏེ་བོའི་གྱོད་ལ། །
གཅིག་གི་ཨ་གསར་མ་ཡལ། །
གཉིས་ཀྱི་བློ་སྣ་འཁྲིད་ཀྱིས། །

ཕོ།

ལྷམ་ལ་རྡོག་པ་མེད་ན། །
ལྷམ་ཡུ་གསར་བས་གང་ཡོང་། །
བྱམས་པར་བརྩེ་དུང་མེད་ན། །
ཞལ་རས་མཚར་བས་གང་ཡོང་། །

མོ།

ཚེས་ཆེན་བཅོ་ལྔའི་ཟླ་བ། །
དང་པོ་ང་ལ་ཤར་བྱུང་། །
ཟླ་བ་སྒོར་རྒྱ་ཆེ་བས། །
འཛམ་གླིང་སྤྱི་ལ་ཁྱབ་སོང་། །

ཕོ།

ཇ་དེ་དང་པོ་བརྒྱབ་ནས། །
གཉིས་པའི་མདོག་ལས་མེད་ན། །
དར་རྩེ་མདོ་ལ་ཕྱིན་ནས། །
རྐང་ཆུང་ཚ་རོགས་ཡིན་འགྲོ། །

མོ།

རྒྱ་གར་རྨ་བྱའི་སྒྲོ་མདོངས། །
བྱུང་ན་བསམ་པ་མ་གཏོགས། །
བོད་ལ་བྱ་དེའི་གཞུ་གུ། །
མེད་པ་རང་ད་མ་རེད། །

ཕོ།

ཇ་དེ་སྐམ་ཇ་རློམ་ཇ། །
བརྗེ་ན་བསམ་པ་མ་གཏོགས། །
དེ་འདྲའི་རྒྱ་ལམ་འགྲུལ་བ། །
སྐོམ་ཤི་ཐེབས་གྲབས་མི་འདུག །

མོ།

རྟ་ཕོ་ཆུང་ཆུང་ཞིག་ལ། །
གསེར་སྒ་ཉིས་བརྩེགས་བརྒྱབ་བྱུང་། །
ཡང་ན་རྟ་ཕོ་འཆི་འདོད། །
ཡང་ན་གསེར་སྒ་འཆག་འདོད། །

ཕོ།

སེ་བ་ལགས་ཀྱི་སེ་འབྲུམ། །
ཡིན་འགྲོ་བསམ་ནས་བཟས་པས། །
དུག་ཤིང་ཚེར་མའི་འབྲུ་གུས། །
ལུས་སེམས་སྐྱུར་བོར་བཏང་བྱུང་། །

མོ།

ཤ་འཇམ་ལུས་པོ་འདྲེས་ཀྱང་། །
བྱམས་པའི་གདེང་ཚོད་མ་ལོན། །
ས་ལ་རི་མོ་བྲིས་པས། །
ནམ་མཁའི་སྐར་ཚོར་ཐིག་བྱུང་། །

ཕོ།

ཟིང་ཟིང་ལྕང་མ་འབེལ་བ། །
ཐུང་ཐུང་ཡོག་ཤིང་དཀོན་པ། །
ཞག་གསུམ་སྙིང་སྡུག་མང་བ། །
ཚེ་གང་གཏན་གྲོགས་དཀོན་པ། །

མོ།

སྤང་དང་ནགས་རིའི་མཚམས་ལ། །
ནག་པོ་སྦྲ་ཞིག་ཕིབས་ཡོད། །
གླང་མ་རློན་པའི་ཀ་བ། །
བརྟན་པོ་རང་ཙམ་མི་འདུག །

ཕོ།

མེ་ཏོག་ཁོག་མ་གང་ལ། །
སྐྱེ་ལུགས་དེ་ལས་མེད་པར། །
བསམ་བློ་བུམ་པའི་ནང་ལ། །
བཏང་དང་མ་བཏང་མི་འདུག །

མོ།

གསེར་སོ་མིན་ནམ་བསམ་བྱུང་། །
དངུལ་སོ་མིན་ནམ་བསམ་བྱུང་། །
ལྟ་ཡག་བསྡུར་ཡག་བྱས་པས། །
རག་ལ་གསེར་ཆུ་བྱུག་བཞག །

ཕོ།

ལྷ་སའི་ལྕགས་པོ་རི་ལ། །
ལྕགས་ཀྱི་འཁར་རྔ་བཞག་ཡོད། །
བཞག་ན་འོད་ཀྱང་མི་འདུག །
བརྡུངས་ན་སྐད་ཀྱང་མི་འདུག །

མོ།

ཤ་ལ་ཚི་ལུ་ཡོད་དུས། །
རྒོད་པོ་གཅིག་ཤོར་གཉིས་ཤོར། །
ཤ་མེད་རུས་པར་ཐུག་དུས། །
རྒོད་པོ་ཕྱིར་བགྲོད་རྒྱག་གིས། །

ཕོ།

རྐང་ལ་མ་འདྲིས་ལྷམ་གོག །
འཇའ་ཆེན་ཡིན་ཡང་མི་དགོས། །
བློ་ལ་མེད་པའི་བྱམས་པ། །
གསེར་སྐུ་ཡིན་ཡང་མི་དགོས། །

མོ།

གླིང་ག་གསར་བའི་ཚེར་མ། །
མཛུབ་མོའི་རྩེ་ལ་ཟུག་སོང་། །
ཨ་ཚ་ཁ་ནས་མ་ཤོར། །
ཞེན་པ་གཏིང་ནས་ལོག་སོང་། །

ཕོ།

འགྲིག་ན་གང་འགྲིག་ཞུས་ཆོག །
ལྷོ་འགྲིག་བྱང་འགྲིག་བྱས་ཆོག །
མ་འགྲིག་སྒོ་མོའི་རུ་བཞི། །
ལས་འཕྲོ་རྫོགས་པ་ཡིན་འགྲོ། །

མོ།

དཀར་ཡོལ་ཆག་ན་ཆག་ཅིག །
རི་མོ་ཡལ་ན་ཡོལ་ཅིག །
དཀར་ཡོལ་ཆག་ན་རྡོ་རེད། །
རི་མོ་ཡལ་ན་ཚོན་རེད། །

ཕོ།

སྐབས་གཅིག་བྱམས་པ་མི་འཚོལ། །
ཧྲང་ཧྲང་གནས་བཟོད་བདེ་བ། །
བྱམས་པ་བཙལ་བའི་མི་ལ། །
གནས་བཟོད་བདེ་རྒྱུ་མི་འདུག །

མོ།

ཆུང་འདྲིས་བྱམས་པའི་གང་ཡོང་། །
མི་ཚེ་ཟད་རོགས་ཡིན་འགྲོ། །
བྱམས་པའི་ཕྲུ་གུས་གང་ཡོང་། །
པང་གདན་དབྲལ་རོགས་ཡིན་འགྲོ། །

ཕོ།

ལྕང་མ་ལྕང་གསར་རྩེ་ལ། །
འཇོལ་མོ་འཇོལ་གསར་བབས་པ། །
ཆོ་ལ་ཟེར་དགོས་མི་འདུག །
འཕུར་ལ་ཆོག་ཆོག་ཡིན་པ། །

མོ།

ཆུང་འདྲིས་སྤྱང་ཀི་རི་ཤོར། །
ཡར་ཀླུང་ཤ་ཁྱིས་དེད་སོང་། །
མིག་ལ་མཛུབ་མོ་བརྒྱུས་ཀྱང་། །
མིག་ཆུ་ཤོར་ཡས་མི་འདུག །

Комментарии

Информация по комментариям в разработке