H.H the 41st Sakya Gongma Trichen Rinpoche’s 80th birthday song // Tenzing Yangi // Sonam Topden//IN

Описание к видео H.H the 41st Sakya Gongma Trichen Rinpoche’s 80th birthday song // Tenzing Yangi // Sonam Topden//IN

༄༅། །དྲིན་ཆེན་རྩ་བའི་བླ་མ་དཔལ་ས་སྐྱ་ྋགོང་མ་ཁྲི་ཆེན་༸རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་སྐུ་བལྟམས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་རྩ་བའི་བླ་མ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཆེད་དུ་འཁྲུངས་སྐར་གྱི་གཞས།
I feel truly blessed and fortunate to have the opportunity to sing on the auspicious occasion of His Holiness the 41st Sakya Gongma Trichen Rinpoche’s birthday. 😇🙏🏼. Special thanks to Dagmokalden la 🙏🏼

༄༅། །དྲིན་ཆེན་རྩ་བའི་བླ་མ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་༸རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་སྐུ་བལྟམས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་རྩ་བའི་བླ་མ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཆེད་དུ་འཁྲུངས་སྐར་གྱི་གཞས་འབུལ་རྒྱུ་ཡིན།

འགྲོ་བའི་འདྲེན་་མཆོག་རྩ་བའི་བླ་མ་མཁྱེན་ནོ།
བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་མཁྱེན་ནོ།
ཚེ་རབས་ཐམས་ཅད་ཀྱི་བླ་མ་མཁྱེན་ནོ།
མཁྱེན་བརྩེ་ནུས་པའི་བདག་ཉིད་བླ་མ་མཁྱེན་ནོ།
མི་ཚེ་འདི་དང་ཕྱི་མ་ཚང་མའི་སྐྱབས་མགོན།
དཔལ་ལྡན་ས་སྐྱ་པ་ཡི་བསྟན་པའི་སྲོག་ཤིང་།
དབང་ལུང་མན་ངག་བདག་པོ་རྩ་བའི་བླ་མ།
མི་དམངས་སྐྱབས་འཇུག་ཞུ་ས་ས་སྐྱ་གོང་མ།
གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མཁྱེན་ནོ།
དེ་རིང་སྐུ་བལྟམས་པའི་དུས་བཟང་གི་ཉིན་མོ།
དེ་རིང་ནི་བསྐལ་པ་ཤིན་ཏུ་བཟང་བའི་ཉིན་མོ།
དེ་རིང་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཉིན་མོ།

ལུས་ངག་ཡིད་གསུམ་དད་གུས་ཆེན་པོ་ཡིས་
འཁྲུངས་སྐར་དུས་ཆེན་བཀྲ་ཤིས་རྟེན་འབྲེལ་ཞུ།
སེམས་ལ་དགའ་དགའ་སྤྲོ་སྤྲོ་ཆེན་པོ་ཡིས་
འཁྲུངས་སྐར་དུས་ཆེན་བཀྲ་ཤིས་རྟེན་འབྲེལ་ཞུ།

ཁྲི་ཆེན་རྡོ་རྗེ་འཆང་ཆེན་ཞེ་གཅིག་མཆོག
སྐུ་ཚེ་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག
ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀྲ་ཤིས་ཤོག
སངས་རྒྱས་བསྟན་པ་དར་བའི་བཀྲ་ཤིས་ཤོག
མཛད་པ་འཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག
ཐུགས་བཞེད་ཐམས་ཅད་འགྲུབ་པའི་བཀྲ་ཤིས་ཤོག

འགྲོ་བའི་འདྲེན་མཆོག་རྩ་བའི་བླ་མ་མཁྱེན་ནོ།

ས་སྐྱ་གོང་མའི་འཁྲུངས་སྐར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་སྙིང་ནས་ཞུ།

བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་སྙིང་ནས་ཞུ།
བཀྲ་ཤིས་བདེ་ལེགས་རྟེན་འབྲེལ་སྙིང་ནས་ཞུ།

Комментарии

Информация по комментариям в разработке