རྒྱ་ནག་གི་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་དམ་དྲག

Описание к видео རྒྱ་ནག་གི་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་དམ་དྲག

ཨ་རི་དང་། རྒྱ་ནག་བར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་བའི་སྐབས་འདིར ། ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་ཡོང་གི་ཐོབ་ཐང་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་གནང་བཞིན་པ་ལྟར། བོད་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཨ་རིའི་ནང་ཡོང་རྒྱུར་ཐོངས་མཆན་ཝི་ས་སྤྲོད་ཕྱོགས་ཐད་དམ་དྲག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་། དེ་བཞིན་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་བཞི་ལ་ཨ་མི་རི་ཀའི་གཞུང་གིས་ཉེས་ཆད་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད། དེ་རིང་གི་གླེང་མོལ་གྱི་ལེ་ཚན་ནང་། ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་། བོད་དང་རྒྱ་ནག་སྐོར་ལ་ཉམས་ཞིབ་གནང་མཁན་ཀུན་དགའ་བཀྲ་ཤིས་ལགས་གཉིས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་བར་གསན་རོགས།
Host: Palden Gyal
Guests: Buchung Tsering, Kunga Tashi
Producer: Nordhey Dolma
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube:    / rfatibetan  
facebook:   / rfa.tibetan  
twitter:   / rfatibet  
soundcloud:   / rfatibetan  
podcast: http://www.rfa.org/tibetan/podcasts/

Комментарии

Информация по комментариям в разработке