Tibetan Driru dance ནགས་ཤོད་སྟག་ཕུའི་ཨར་གཞས། སྲིད་པ་དང་པོ།

Описание к видео Tibetan Driru dance ནགས་ཤོད་སྟག་ཕུའི་ཨར་གཞས། སྲིད་པ་དང་པོ།

#gorshey
༼སྟག་ཕུའི་ཨར་གཞས་སྲིད་པ་དང་པོ།།༽

ཚིགས་དང་གདངས།།

སྟག་ཕུ་པདྨ་བཛ།།

ལེན་མཁན། སྐྱིད་ནོར་བུ། བསྟན་པ།
རིན་ཆན་ལྷ་མོ། སྒྲོལ་གཡང།

སྲིད་པ་དང་པོ་མ་ཆགས་།།
སྲིད་པ་དང་པོ་ཆགས་ཡོད།།
སྲིད་པ་དང་པོ་ཆགས་ལུགས་དེ།།
འོག་བཞི་རླུང་གི་དཀྱིལ་འཁོར།།
རླུང་གི་དཀྱིལ་འཁོར་སྟེང་ལ།།
བདུད་རྩི་ཆུ་ཡི་ཟིལ་བ།།
བདུད་རྩི་ཟིལ་མའི་སྤྲིས་པ།།
དབང་ཆེན་སེར་ལ་ཆགས་ཡོད།།
དགའ་བ་ལ་སེ་དགའ་བ་ལ།།
སྐྱིད་པ་ལ་སེ་སྐྱིད་པ་ལ།།

བསྭོ་ཡེ་བསྭོ་ཡེ་ཡུལ་ཅིག་ནགས་ཤོད་ལུང་པ་སྦས་པའི་ཡུལ་ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
ལྷ་གཅིག་ནགས་ལྷ་ཛམ་བྷ་སྦས་ཡུལ་སྐྱོང་ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
ལུས་དང་གྲིབ་མ་ཇི་བཞིན་འབྲལ་བ་མེད་ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
སྣང་སྲིད་དགྱེས་པའི་མཆོད་པ་འབུལ་ལོ་བཞེས་ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།བསྭོ་ཡེ་བསྭོ་ཡེ་ལ། ཡབ་གཅིག་འོ་དེ་གུང་གི་རྒྱལ་པོ་དང།ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
ཡུམ་ཆེན་བདུད་རྩི་སྨན་མོ་འདུས་པ་ལས་།།ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
ལྷ་གཅིག་ནགས་ལྷ་ཛམ་བྷ་སྐུ་མཆེད་ལྔ།། ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།
སྤྱི་བོ་དུང་འོད་འཕྲོ་འདུ་སྨིན་པ་ལས།། ལ་སེ་བསྭོ་ཡེ་བསྭོ་ཡེ་ལ།

ནགས་ཤོད་ལུང་པའི་མཐིལ་ལ།།
རིན་ཆེན་གསེར་གྱི་པད་མ་འཁྲུངས་ཡོད།།
འདབ་རྒྱའི་ཟིལ་འབྲུའི་འོག་ལ།།
རིན་ཆེན་གསེར་གྱི་པད་མ་མ་འཁྲུངས་ཡོད།།
གསེར་གྱི་ལྷ་ཁང་ནང་ལ།།
རིན་འཛིན་རྗེ་འབངས་ཉེར་ལྔ་བཞུགས་ཡོད།།
འདི་དང་ཕྱི་མའི་སྐྱབས་གནས།།
འདི་ལས་ལྷག་པ་ཞུ་དགོས་མི་འདུག།།
ནགས་ཤོད་ལུང་པའི་མཐིལ་ལ།།
རིན་ཆེན་དངུལ་གྱི་པད་མ་འཁྲུངས་ཡོད།།

བསྐལ་བ་ཆགས་པ་དགའ།།
བསྐལ་བ་ཆགས་པ་སྐྱིད།།
དགའ་སྐྱིད་བསྐལ་བ་འདི་འདྲ།།
བསྐལ་བ་གཞན་ལ་དཀོན།།
བསྐལ་བ་མཆོག་ཏུ་བཟང་ལགས།།
སྟོན་པ་འཕེགས་པ་དགའ།།
སངས་རྒྱས་ཕེབས་པ་སྐྱིད།།
སྟོང་པ་སངས་རྒྱས་འདི་འདྲ།
སྟོན་པ་གཞན་ལ་དཀོན།།
སྟོན་པ་མཆོག་ཏུ་བཟང་ལགས།།
རྒྱུ་ཡི་བསྟན་པ་དགའ།།
འབྲས་བུའི་བསྟན་པ་སྐྱིད།།
མཉམ་སྦྱོར་བསྟན་པ་འདི་འདྲ།།
བསྟན་པ་གཞན་ལ་དཀོན།།
བསྟན་པ་མཆོག་ཏུ་བཟང་ལགས།།
དེ་འཛིན་མཁས་པ་དགའ།།
དེ་འཛིན་གྲུབ་པ་སྐྱིད།།
མཁས་གྲུབ་སྐྱེས་བུ་འདི་འདྲ།།
དེ་འཛིན་གཞན་ལ་དཀོན།།
དེ་འཛིན་མཆོག་ཏུ་བཟང་ལགས།
མདོ་ཡི་དགོན་པ་དགའ།།
སྔགས་ཀྱི་དགོན་པ་སྐྱིད།།
ཟུང་འབྲེལ་དགོན་པ་འདི་འདྲ་།།
དགོན་པ་གཞན་ལ་དཀོན།།
དགོང་པ་མཆོག་ཏུ་བསང་ལགས།
བཀའ་ལ་བབས་པ་དགའ།
ལུང་གིས་ཟིན་པ་སྐྱིད།།
བཀའ་བབས་ལུང་ཟིན་འདི་འདྲ།།
ནམ་ཡང་འབྱུང་བ་དགའ།།
ནམ་ཡང་འབྱུང་བ་དཀོན་ལགས།
དགེ་བ་འགྲུབ་པ་དགའ།།
སྡིག་པ་མེད་པ་སྐྱིད།།
སྡིག་མེད་དགེ་བ་འདི་འདྲ།།
ནམ་ཡང་བྱུང་བ་དཀའ།
ནམ་ཡང་འབྱུང་བ་དཀོན་ལགས།།

Комментарии

Информация по комментариям в разработке