ཕ་ས། ཕ་ཡུལ། Fatherland, Motherland. Tibetan New Year 2024.

Описание к видео ཕ་ས། ཕ་ཡུལ། Fatherland, Motherland. Tibetan New Year 2024.

ཕ་ས་ཕ་ཡུལ། 

༼ ཉི་མ་བླ་བྲང་དགྱེས་འཛོམས། ༽

སྟོད་གན་ན་རི་ཞིག་རིག་ནོ་གན། 
རི་མཐོན་པོ་དགའ་ལྡན་ལྷ་རི་རེད། 
ངའི་ཆུང་དུས་ལུག་ཁྱུ་འཚོ་ས་དང་། 
ལོ་གཞོན་པའི་སྣང་བ་མཐུན་ས་ཡིན། 
ཞེ་འཁྲེང་ནས་ཕྱིར་མིག་ཤོར་བ་འདི། 
ཁག་ཆི་ཡོད་འཚར་ལོངས་བྱུང་ས་རེད། 
འདང་ལོས་ཡོད་རང་གི་སྐྱེས་ལྷ་ཡིན། 
ཕ་ས། ཕ་ཡུལ། ཕ་ས། ཕ་ཡུལ། 
ལས་སྐྱིད་སྡུག་ཅི་བྱུང་མི་ཤེས་མོད། 
ཁྱོད་དྲན་པའི་བརྩེ་བ་ངོ་མ་ཡིན། 
ལས་སྐྱིད་སྡུག་ཅི་བྱུང་མི་ཤེས་མོད། 
ཁྱོད་དྲན་པའི་བརྩེ་བ་ངོ་མ་ཡིན། 

ཕར་བལྟས་ན་སྤང་ཞིག་རིག་ནོ་གན།
སྤང་ཡག་པ་པཎ་ཆེན་ཐང་ཆེན་རེད། 
རྟ་འདོ་བའི་བང་རྩལ་ངོམས་ས་དང་། 
བསང་རླུང་རྟས་བར་སྣང་གང་ས་ཡིན། 
སེམས་སྨྲེང་ནས་གླུ་རེ་བླངས་བ་འདི། 
ཁག་ཅི་ཡོད་སྐྱེ་བ་ད་ཐེངས་རེད། 
འདང་ལོས་ཡོད་རང་གི་ཕ་ས་ཡིན།
ཕ་ས། ཕ་ཡུལ། ཕ་ས་ཕ་ཡུལ། 
སྐྱེ་རྗེས་མའི་ལས་དབང་མི་ཤེས་མོད། 
ཚེ་ད་རེས་ལས་དང་བསོད་ནམས་རེད། 
སྐྱེ་རྗེས་མའི་ལས་དབང་མི་ཤེས་མོད། 
ཚེ་ད་རེས་ལས་དང་བསོད་ནམས་རེད། 

སྨད་གན་ན་སྡེ་ཞིག་རིག་ནོ་གན།
སྡེ་ཆེན་པོ་བསང་གཞུང་ལྷ་སྡེ་རེད། 
རྗེ་བླ་མས་ཐུགས་འདང་ཟབ་ས་དང་།
ཆོས་དཀར་པོར་དད་པ་ཆེ་ས་ཡིན། 
ཡིད་གཙང་མས་ཚིག་གསུམ་ཞུས་པ་འདི།
ཁག་ཆེ་ཡོད་ལྷ་ཡི་ཞིང་ཁམས་རེད། 
འདང་ལོས་ཡོད་རང་གི་ཕ་ཡུལ་ཡིན།
ཕ་ས། ཕ་ཡུལ། ཕ་ས། ཕ་ཡུལ། 
ངའི་ཚེ་རབས་ལས་ཀྱི་ཕྲེང་བ་རུ། 
ཡུལ་འདི་དང་མི་འབྲལ་སྨོན་ལམ་འདེབས།
ངའི་ཚེ་རབས་ལས་ཀྱི་ཕྲེང་བ་རུ། 
ཡུལ་འདི་དང་མི་འབྲལ་སྨོན་ལམ་འདེབས།

ཕ་ས། ཕ་ཡུལ། ཕ་ས། ཕ་ཡུལ། 
ངའི་ཚེ་རབས་ལས་ཀྱི་ཕྲེང་བ་རུ། 
ཡུལ་འདི་དང་མི་འབྲལ་སྨོན་ལམ་འདེབས།
ངའི་ཚེ་རབས་ལས་ཀྱི་ཕྲེང་བ་རུ། 
ཡུལ་འདི་དང་མི་འབྲལ་སྨོན་ལམ་འདེབས།

Комментарии

Информация по комментариям в разработке