སྔ་འགྱུར་རྙིང་མ་སྨོན་ལམ་ཆེན་མོ་ཐེངས་སོ་གཅིག་པའི་མཆོད་པའི་གྲ་སྒྲིག་

Описание к видео སྔ་འགྱུར་རྙིང་མ་སྨོན་ལམ་ཆེན་མོ་ཐེངས་སོ་གཅིག་པའི་མཆོད་པའི་གྲ་སྒྲིག་

འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས།།
ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་གྲགས།།
རིགས་ལམ་སེང་གེ་ང་རོ་ས་གསུམ་ཁྱབ།།
མཚུངས་མེད་དགེ་མཚན་སྣང་བས་ཁྱབ་གྱུར་ཅིག།
ཅེས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུངས་པ་ལྟར་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཐེངས་སོ་གཅིག་པའི་གོ་སྒྲིག་ཞུ་མཁན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཡིན་པར་བརྟེན་འདི་གའི་དགེ་འདུན་རྣམ་པས་མཆོད་པའི་ཡོ་བྱད་གཏོར་མ་དང་དཀར་རྒྱན་ལག་བཟོའི་སྒོ་ནས་འདོད་ཡོན་སྣ་ལྔ།རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཕུན་སུམ་ཚོགས་པ་དང་། སྨོན་ལམ་གྱི་་སྐབས་ཞོགས་པའི་ཆར་སྒྲོལ་ཆོག་འདོན་གྱིན་ཡོད་པར་བརྟེན་འཕགས་མ་སྒྲོལ་མ་ཉེར་གཅིག་མར་རྒྱན་གྱིས་བཟོ་དང་བཟོ་བཞིན་པ་ཡིན་པས་ད་དུང་མཐའ་མ་གྲུབ་པས་མུ་མཐུད་བརྙན་པར་འདོན་ཆར་ཡིན།

Комментарии

Информация по комментариям в разработке