སྒོམ་ཁྲིད་སྐབས་ཉེར་བརྒྱད་པ་ལེགས་པར་གྲུབ་གནང་བ།Successfully completed the 28th meditation course

Описание к видео སྒོམ་ཁྲིད་སྐབས་ཉེར་བརྒྱད་པ་ལེགས་པར་གྲུབ་གནང་བ།Successfully completed the 28th meditation course

ཁ་སང་ཕྱི་ཚེས་ ༡༡ ནས་བཟུང་ཉིན་བསྒོམ་ཁྲིད་སྐབས་ཉེར་བརྒྱད་པ་ལེགས་པར་གྲུབ་གནང་བ།ཅུའི་རིང་༧སྐྱབས་རྗེ་རྡོ་རྗེ་འཆང་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནས། དད་ལྡན་དོན་གཉེར་ཅན་གྱི་ནུབ་ཕྱོགས་ཞལ་སློབ་རྣམས་ལ་ལོ་རིམ་གཏན་འབེབས་བཞིན་སྔོན་འགྲོ་དང་། ཞི་ལྷག་སྒོམ་ཁྲིད། ཕྱག་ཆེན་དང་། ཡི་དམ་བསྐྱེད་རྫོགས་ཀྱི་བཀའ་དབང་བཀའ་ཁྲིད། ཐུན་མཚམས་རྣམས་སུ་སློབ་མ་སོ་སོའི་ཉམས་ཀྱི་འཆར་སྣང་དོགས་དྲི་དང་རྟོག་འབུལ་རྣམས་ལ། གེགས་སེལ་བོག་འདོན་གྱི་མན་ངག་རྣམས་སྐབས་བསྟུན་བཀའ་དྲིན་ཆེ་གནང་དང་འབྲེལ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ལྟ་སྒོམ་སྤྱོད་འབྲས་སོགས་བསྟན་པ་སྤྱིའི་རྣམ་བཞག་ལས་བརྩམས་པའི་གསུང་ཆོས་གོ་བདེ་འདུས་གསལ་དང༌། ལམ་གྱི་རྩ་བ་སྐྱབས་འགྲོ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་མན་ངག་བློ་སྦྱོང་གི་སྒོམ་ཁྲིད། བློ་རྒྱུད་ཆོས་ལ་བསྐུལ་ཕྱིར་ཐུན་མོང་དང་ཐུན་མོང་མིན་པའི་སྔོན་འགྲོ་བསགས་སྦྱོང་གི་རིམ་པ་རྣམས་སྒོམ་ཁྲིད་སྦྲག་མའི་ཚུལ་དུ་གནང་པ་སོགས། མདོར་ན་གང་ཞིག་ཉིན་རེའི་མི་ཚེའི་འཚོ་བའི་ནང་དུ་ཉམས་སུ་ལེན་པར་བྱ་བའི་གནད་ཀུན་དྲིལ་ཏེ་ལམ་འཁྱེར་གྱི་ཚུལ་དུ་ཐུགས་བརྩེ་བ་ཆེན་པོས་འདོམས་པར་མཛད་ཅིང་། མཇུག་མཐར་བླ་སློབ་དད་དམ་གཙང་མའི་རྟེན་འབྱུང་ཚོགས་ཀྱི་འཁོར་ལོ་ཟབ་རྒྱས་དང་བཅས། ནུབ་ཕྱོགས་ཞལ་སློབ་རྣམས་ལ་སྒོམ་ཁྲིད་སྐབས་ཉེར་བརྒྱད་པ་དེ་བཞིན་ཐོག་མཐའ་བར་གསུམ་དགེ་ཞིང་བཀྲ་ཤིས་པའི་སྒོ་ནས་དེ་རིང་སྔ་དྲོའི་ཆར་ལེགས་པར་གྲུབ་གནང་ཡོད་པ་རེད།

From the 11th of November, for 10 days, like it has been conducted selected years, Kyabje Bokar Choektrul Rinpoche and Kyabje Khenchen Rinpoche gave teachings on series of teachings such as preliminary, shamatha and Vipasana, mahamudra and generation, and completion phases of deities to a group of devotees and dharma students from the west. And during the recess period, there was a Question and answer to clear their doubt and for their better understanding. It was very clear and lucid teachings relating to teachings of lower and higher vehicles which included tantrayana, and it covers the chapters such as three refuge which is the root of all paths, practice of mind to generate bodhi chitta, and the method to always divert their mind toward dharma. In short, the essence of the teachings was how to include all the essences of teachings in their daily lives.

A congregation of the offerings (Tsok) was conducted on the last day of the seminar for the auspicious and pure relationship between guru and students.

Комментарии

Информация по комментариям в разработке