སྒྲོལ་ཆོག་བརྒྱ་རྩ་ལེགས་པར་གྲུབ་པ། Dholma ritual performance was completed successfully

Описание к видео སྒྲོལ་ཆོག་བརྒྱ་རྩ་ལེགས་པར་གྲུབ་པ། Dholma ritual performance was completed successfully

སྒྲོལ་ཆོག་བརྒྱ་རྩ་ལེགས་པར་གྲུབ་པ།
སྡོམ་གསུམ་སྡེ་སྣོད་འཛིན་པ་༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས། ཚོགས་ཆེན་ལྷ་ཁང་ཆེན་མོའི་ཡང་སྟེང་ཨརྱ་ཏཱ་རེའི་ཞལ་མེད་ཁང་དུ་ཉིན་བདུན་གྱི་རིང་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་དངོས་པོ་དཔག་ཏུ་མེད་པ་མཚར་དུ་དངར་བ་འབུལ་བའི་སྒོ་ནས། དགོངས་གཏེར་ཟབ་ཏིག་སྒྲོལ་མའི་ཆོ་ག་བརྒྱ་རྩ་ལེགས་པར་གྲུབ་པའི་མཐའ་བརྟེན་དུ། དེ་རིང་ས་ཟླའི་ཡར་ཚེས་བཅུ་ཉིན་དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་རྗེ་བཙུན་སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་གསུང་གནང་གི་ཙཱ་རུ་ཕུལ་བ་སོགས་ཀྱིས་མཐའ་ལེགས་པར་བརྒྱན་ཏེ་གྲུབ་གནང་ཡོད་པ་རེད།

Комментарии

Информация по комментариям в разработке