New Tibetan Song ༢༠༢༤ ཟླ་བ་ ༦ ཚེས་ ༢༦ གླུ་གཞས་གསར་བ་འཁྲུངས་སྐར་ཞི་བདེའི་འོད་སྣང།

Описание к видео New Tibetan Song ༢༠༢༤ ཟླ་བ་ ༦ ཚེས་ ༢༦ གླུ་གཞས་གསར་བ་འཁྲུངས་སྐར་ཞི་བདེའི་འོད་སྣང།

འཁྲུངས་སྐར་ཞི་བདེའི་འོད་སྣང་།

ཚིག སེར་ཤུལ་རབ་གསལ།
དབྱངས། ཁམས་པ་ཤེས་རབ།
རོལ་མོ་བ། རྭ་སྦིན།
ལེན་མཁན། ཁ་བ་དཀར་པོ་ཚེ་རིང་། བསྟན་འཛིན་འཛོམས་དཀར། ཁམས་པ་ཤེས་རབ། བསྟན་འཛིན་པ་སངས།
རྡོག་བྲོ་རྩོམ་མཁན། འཇུག་བཟང་སྐྱིད།

འཛམ་གླིང་བྱམས་བརྩེས་སྐྱོང་བའི།།
བླ་མ་བོད་ལ་འཁྲུངས་ཡོད།།
འཁྲུངས་སྐར་ཞི་བདེའི་འོད་སྣང་།།
སྐྱེ་འགྲོ་ཡོངས་ལ་ཁྱབ་ཡོད།།
བླ་མའི་ཞལ་གསུང་དྲོད་མོ།།
ང་ཚོས་སེམས་ལ་ཉར་དགོས།།
བླ་མ་ལགས། སྐུ་ཚེ་བརྟན་ཤོག
བླ་མ་ལགས། མཛད་འཕྲིན་རྒྱས་ཤོག

གཏན་གྱི་མདུན་ལམ་སྟོན་པའི།།
ཞལ་གསུང་སྙིང་ལ་ཉར་བཞིན།
ང་ཚོ་ཆོལ་གསུམ་སྤུན་ཟླའི།།
སེམས་པ་དགའ་སྤྲོས་གང་ནས།།
སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི།།
འཁྲུངས་སྐར་དེ་རིང་བསུས་ཡོད།།
བླ་མ་ལགས། སྐུ་ཚེ་བརྟན་ཤོག
བླ་མ་ལགས། མཛད་འཕྲིན་རྒྱས་ཤོག

བླ་མ་འགྲོ་བའི་མགོན་རེད།།
བྱམས་བརྩེ་རྒྱ་མཚོའི་གཏིང་རེད།།
འཁྲུངས་རབས་འོད་དཀར་ཕྲེང་བ།།
ང་ཚོ་བོད་ཀྱི་ལྷ་རེད།།
ཐུགས་ཀྱི་བཞེད་པ་གང་ཡོད།།
ང་ཚོས་སེམས་ལ་ཉར་དགོས།།
བླ་མ་ལགས། སྐུ་ཚེ་བརྟན་ཤོག
བླ་མ་ལགས། མཛད་འཕྲིན་རྒྱས་ཤོག

གཞན་ཕན་ལྷག་བསམ་ལྡན་ཞིང་།།
ཡ་རབས་ཀུན་དང་མཐུན་པ།།
རྩ་བའི་བླ་མའི་བཀའ་རེད།།
བླ་མའི་ཞལ་གསུང་དྲན་ཡོད།།
དུས་དང་རྣམ་པ་ཀུན་ཏུ།།
བླ་མའི་འཛུམ་ཞལ་སྒོམ་ཡོད།།
བླ་མ་ལགས། སྐུ་ཚེ་བརྟན་ཤོག
བླ་མ་ལགས། མཛད་འཕྲིན་རྒྱས་ཤོག

དགའ་སྐྱིད་ཉི་མ་དེ་རིང་།།
ཚང་མ་མཉམ་དུ་འཛོམས་ནས།།
དགུང་གྲངས་གྱ་དགུའི་འཁྲུངས་སྐར།།
གླུ་དང་སྐོར་བྲོས་བསུས་ཡོད།།
སྐུ་ཚེ་ཁྲི་ལོར་བརྟན་ཞིང་།།
མཛད་འཕྲིན་སྔར་ལས་རྒྱས་དགོས།།
བླ་མ་ལགས། སྐུ་ཚེ་བརྟན་ཤོག
བླ་མ་ལགས། མཛད་འཕྲིན་རྒྱས་ཤོག

Комментарии

Информация по комментариям в разработке