Nubri Song| Gomosergu| 2019 Tibetan Traditional Song|

Описание к видео Nubri Song| Gomosergu| 2019 Tibetan Traditional Song|

༼སྟོད་ནུབ་རིའི་གླུ་གཞས།༽

གཞས་པ། མིག་དམར་ཚེ་རིང།
གཞས་མ། ཚེ་རིང་ཆོས་འཛོམས།
དབྱངས། དམངས་ཁྲོད།
རོལ་དབྱངས། ཨཱལ་ཕ།

སྒོ་མོ་གསེར་སྒོ་ཕྱེ་མཁན། ཕྱེ་ཟེར་ན། གསེར་ཁམ་པའི་སྒྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འཕྲོག་ལྷའི་མཛེས་མའི་ནོར་སྐལ་ཡོད། རྩ་བའི་བླ་མ་མཇལ་བའི་མཇལ་དར་ཡོད།
ཡིད་འཕྲོག་ལྷའི་མཛེས་མའི་ནོར་སྐལ་ཡོད། གྲྭ་བཙུན་འཛོམས་པོ་མཇལ་བའི་མཇལ་དར་ཡོད།

སྒོ་མོ་གཡུ་སྒོ་ཕྱེ་མཁན། ཕྱེ་ཟེར་ན། གཡུ་སྔོན་མོའི་སྒྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འཕྲོག་ལྷའི་མཛེས་མའི་ནོར་སྐལ་ཡོད། འགོ་འདྲེན་དཔོན་པོ་མཇལ་བའི་མཇལ་དར་ཡོད། མི་སེར་འཛོམས་པོ་མཇལ་བའི་མཇལ་དར་ཡོད།

སྒོ་མོ་དུང་སྒོ་ཕྱེ་མཁན། ཕྱེ་ཟེར་ན། དུང་དཀར་པོའི་སྒྲོན་སྐྱོགས་ཆ་གཅིག་ཡོད།
ཡིད་འཕྲོག་ལྷའི་མཛེས་མའི་ནོར་སྐལ་ཡོད། དྲིན་ཅན་ཕ་མ་མཇལ་བའི་མཇལ་དར་ཡོད།
ཡིད་འཕྲོག་ལྷའི་མཛེས་མའི་ནོར་སྐལ་ཡོད། བུ་ཕྲུག་འཛོམས་པོ་མཇལ་བའི་མཇལ་དར་ཡོད།

Комментарии

Информация по комментариям в разработке