tibetan new song 2018" བོད་ཁ་བ་ཅན།" by kunga tenzin ཀུན་དགའ

Описание к видео tibetan new song 2018" བོད་ཁ་བ་ཅན།" by kunga tenzin ཀུན་དགའ

ཚིག་ ཀུན་དགའ་བསྟན་འཛིན
དབྱངས ཀུན་དགའ་བསྟན་འཛིན
གཞས་པ ཀུན་དགའ་བསྟན་འཛིན

བོད་ཁ་བ་ཅན་གི་ཡུལ་ལྗོངས་ན།།
རྗེ་བླ་མ་གསེར་གྱི་ཉི་མ་ཤར།།
དགོན་ཁྲ་མོ་སྐར་ཚོགས་སྤུངས་འདྲ།།
གསུང་རྟེན་འབྲེལ་རང་སྒྲ་སྒྲོག་ས།།
ས་ཆ་འདི་ན་སེར་འབྲས་དགེ་གསུམ་ཡོད།།
གསོ་་་གནས་འདི་ན་ང་ཡི་བླ་མ་བཞུགས།།
དགོན་ཁྲ་མོ་དགེ་འདུན་ཚོགས་ཀྱི་བསྐོར།།
ཆོས་མདོ་སྔགས་བསྟན་པ་དགུང་ལ་དར།།
གནས་འདི་ནི་ང་ཡི་ཕ་ཡུལ་རེད།།

དྲང་བདེན་གྱི་བླ་སྲོག་དགུང་ལ་སྒྲེང་།།
རྒྱུ་འབྲས་གྱི་གཏན་ཚིགས་གང་སར་སྒྲོག།
དགུང་སྐར་ཚོགས་ས་ལ་འཕོས་འདྲ།།
ནོར་རིན་ཆེན་གཏེར་ཁ་འབྱུང་ས།།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།།
གསོ་་་གནས་འདི་ན་ང་ཡི་ཕ་མ་བཞུགས།།
སྙིང་ཉེ་བའི་གཅེན་གཅུང་ཚོགས་ཀྱི་བསྐོར།།
གནས་འདི་ན་ཕུ་ནུ་གཉེན་ཉེ་འཛོམས།།
གནས་འདི་ནི་ང་ཡི་ཕ་ཡུལ་རེད།།

བྱང་རྩ་ཐང་གཡུ་ཡི་གཞོང་པ་འདྲ།།
ནོར་གཡང་དཀར་ཁྲ་ཚོམ་གཏབ་པ་འདྲ།།
དཀར་འོ་མ་དབྱར་ཆུ་རྒྱས་འདྲ།།
བདེ་སྐྱིད་གི་འཚོ་བ་རོལ་ས།།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།།
གསོ་་གནས་འདི་ན་རྫ་དང་གངས་རི་ཡོད།།
གནས་འདི་ན་སྤང་དང་མེ་ཏོག་ཡོད།།
གནས་འདི་ནི་འཛམ་གླིང་ཡོངས་ལ་གྲགས།།
གནས་འདི་ནི་ང་ཡི་ཕ་ཡུལ་རེད།།

Music arranger Rabin darsandhari

Camera video edited wild tibet picture
Compose. Kunga tenzin
Lyric. Kunga tenzin
Singer. Kunga tenzin

Комментарии

Информация по комментариям в разработке