གདུགས་དཀར་ཡག། - རེ་བ། Dugkar Yak - Rewa (Audio)

Описание к видео གདུགས་དཀར་ཡག། - རེ་བ། Dugkar Yak - Rewa (Audio)

ང་ཚོ་མཉམ་དུ་ཡོད་ཉི་འོད་ཀྱི་དྲུང་ན།
ང་ཚོ་ཕུགས་བསམ་ཡོད་ཤེས་རིག་གི་ཐང་ན།
ང་ཚོ་ལྷག་བསམ་ཡོད་སྒྱུ་འཕྲུལ་གྱི་གནས་ན།
ང་ཚོ་སེམས་ཤུགས་ཡོད་དུས་རབས་ཀྱི་མདུན་ན།

ཡིད་ཆེས་དགོས། སེམས་ཤུགས་འདོན། བདེན་པ་འཁོར་བའི་ལམ་ཕྲན་བཟོ་དགོས།
ཡིད་ཆེས་གནོང་། སྤུན་ཟླ་ཚོ། འོད་སྣང་ལྡན་པའི་གཞིས་ཁྱིམ་ཕུབ་དགོས།
ཡིད་ཆེས་དགོས། ལག་རྡང་སྦྲེལ། ལམ་རིང་མོ་ཡུན་གྱིས་བརྒལ་དགོས།
ཡིད་ཆེས་བྱོས། སེམས་ཤུགས་གནང་། ང་ཚོས་མཉམ་དུ།

ང་ཚོ་མཉམ་དུ་བདེ་མོ་ཐང་ལ་འགྲོ་ཡ།
ང་ཚོ་མཉམ་དུ་མཐོ་པོ་རི་ལ་འབུད་ཡ།
ང་ཚོས་སེམས་རྒྱ་བསྐྱེད། ཁ་སང་དབང་བའི་ནམ་མཁའ་ཁོ་ཚོར་བསྐྱུར།
ང་ཚོས་རང་ནུས་སྤྱོད། སང་ཉིན་འཁྲུང་བའི་མེ་ཏོག་རང་གིས་གདབ།

ཡིད་ཆེས་དགོས། ཕུགས་བསམ་དགོས། རེ་བ་དགོས།
ཡིད་ཆེས་གནང་། འོད་སྣང་འཚོལ། ང་ཚོ་ནི་མ་འོངས་པ་ཡིན།
ཡིད་ཆེས་བྱ། སྤོབས་པ་བསྐྱེད། རང་ཚུགས་འཛིན།
ཡིད་ཆེས་བྱོས། ཤུ་རེ་བྱ། ང་ཚོ་ནི་རེ་བ་ཡིན།

#dugkaryak #tibetansong2023 #tibetansong

Комментарии

Информация по комментариям в разработке