དཔལ་འཁོར་ལོ་བདེ་མཆོག་གི་ལས་རུང་བྱ་བའི་ཚུལ།

Описание к видео དཔལ་འཁོར་ལོ་བདེ་མཆོག་གི་ལས་རུང་བྱ་བའི་ཚུལ།

2) དཔལ་འཁོར་ལོ་སྡོམ་པའི་ལས་རུང་བྱ་བའི་ཚུལ། ལས་རུང་ཐུན་དང་པོ་ནི། གྲུབ་ཆེན་ལཱུ་ཨི་བའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་མངོན་རྟོགས་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གསུང་རྒྱུན་ནག་འགྲོས་སུ་བཀོད་པ་ཞེས་བྱ་བ་དང་། ཐུན་གཉིས་པ་གསུམ་པ་བཞི་བ་རྣམས། བདེ་མཆོག་ལཱུ་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་འགྲུབ་བདེ་ཆེན་འབྱུང་གནས་ཞེས་བྱ་བའོ།ཞེས་མཇུག་བྱང་ལ། བདེ་མཆོག་ལཱུ་ཨི་པའི་ཆོ་ག་ཐུན་ཕྱི་མ་གསུམ་ལ་བསྡུས་པ་འདོན་ཚུལ་དང་། གཏོར་འབུལ་ཚོགས་འཁོར་སྨོན་ལམ་ཤིས་བརྗོད་དང་བཅས་པ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བདེ་ཆེན་འབྱུང་གནས་ཞེས་བྱ་བ་འདི་ཡང་རྒྱུད་སྨད་ཏྲེ་ཧོར་སྔགས་རམས་པ་དང་ལྡན་མ་བློ་བཟང་མཁས་གྲུབ་ནས་བསྐུར་ངོར། ཀློང་རྡོལ་རྡོ་རྗེ་འཆང་གི་གསུང་འབུམ་ཤ་བའི་ནང་གསལ་རྗེ་བྱམས་པའི་གསུང་རྒྱུན་ཡི་གེར་བཀོད་པ་ཞེས་བྱ་བ། ཞེས་གསུང་པ་ལྟར་རིགས་པ་སྨྲ་བ་གསེར་ཁང་སྐྱེས་མིང་པ་ངག་དབང་ཚུལ་ཁྲིམས་དོན་ལྡན་དུ་འབོད་པས་བྲིས་རིས་དགེ་བ་འདིས་ཀྱང་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དགྱིས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ཞེས་བྱ་བའི་ཐོག་ནས་གསུང་པ་ཡིན་ནོ།

Комментарии

Информация по комментариям в разработке