༄༅། །ལ་སྟོད་དིང་རི་འཁྲབ་གཞས་གསུང་མཛེས་མ་ལགས་ཞེས་པའི་བརྙན་ཐུང་གསར་པ་ཞིག་འཕུལ་ཡོད།

Описание к видео ༄༅། །ལ་སྟོད་དིང་རི་འཁྲབ་གཞས་གསུང་མཛེས་མ་ལགས་ཞེས་པའི་བརྙན་ཐུང་གསར་པ་ཞིག་འཕུལ་ཡོད།

* གཞས་ཚིག གསུང་མཛེས་མ་ལགས།
* པི་ཝང་། ཚེ་རིང་རྣམ་རྒྱལ།
* སྒྲ་སྙན། རྟ་མགྲིན། ཚེ་རིང་དོན་གྲུབ།
* ཞབས་བྲོ་བ། ཕུར་བུ་བདེ་སྐྱིད། ཚེ་རིང་ཟླ་བ། རྣམ་སྒྲོལ། ཚེ་རིང་མཚམས་གཅོད་ལ་སོགས།

གསུང་མཛེས་མ་ལགས།།
བྲག་རི་ཡར་ལ་ལྟས་ནི།།
ཨོ་ལོས་གླུ་ཞིག་བཏང་ཡོད།།

གསུང་མཛེས་མ་ལགས།།
གླུ་ལ་གླུ་ལན་སློག་མཁན།།
བྲག་སྟོད་བྱ་རྒྱལ་རྒོད་པོ།།

གསུང་མཛེས་མ་ལགས།།
སྤང་རི་ཡར་ལ་ལྟས་ནི།།
ཨོ་ལོས་གླུ་ཞིག་བཏང་ཡོད།།

གསུང་མཛེས་མ་ལགས།།
གླུ་ལ་གླུ་ལན་སློག་མཁན།།
སྤང་སྟོད་ཤ་བ་རྭ་བཅུ།།

གསུང་མཛེས་མ་ལགས།།
དགོན་ཆུང་ཡར་ལ་ལྟས་ནི།།
ཨོ་ལོས་གླུ་ཞིག་བཏང་ཡོད།།

གསུང་མཛེས་མ་ལགས།།
གླུ་ལ་གླུ་ལན་སློག་མཁན།།
རྒྱ་གླིང་གསེར་རྐང་ཕྲ་མོ།།

གསུང་མཛེས་མ་ལགས།།
ཆུ་མོ་མར་ལ་ལྟས་ནི།།
ཨོ་ལོས་གླུ་ཞིག་བཏང་ཡོད།།

གསུང་མཛེས་མ་ལགས།།
གླུ་ལ་གླུ་ལན་སློག་མཁན།།
གསེར་མིག་ཉ་ཆུང་ཆ་གཅིག །

Комментарии

Информация по комментариям в разработке