དེ་རིང་རང་རེ་བཙུན་དགོན་དུ་ཚད་མ་ཤེར་ཕྱིན་དབུ་མ་གསུམ་ལ་བཙུན་མ་རྣམས་ནས་བགྲོ་གླེང་གནང་བའི་རྣམ་པ།😇🙏🙇‍♀️

Описание к видео དེ་རིང་རང་རེ་བཙུན་དགོན་དུ་ཚད་མ་ཤེར་ཕྱིན་དབུ་མ་གསུམ་ལ་བཙུན་མ་རྣམས་ནས་བགྲོ་གླེང་གནང་བའི་རྣམ་པ།😇🙏🙇‍♀️

སྤྱི་ཟླ་དྲུག་པའི་ཚེས་༡༣ ཉིན་འདི་ག་རང་དགོན་དུ་ཚད་མ། ཤེར་ཕྱིན། དབུ་མ་གསུམ་ལ་རང་རེའི་བཙུན་མ་རྒན་གཞོན་ནས་ཟླ་ཤས་སྔོན་ནས་ཧ་ཅང་གི་བརྩོན་པ་ཆེ་བས། ལུང་རིགས་གཉིས་ལྡན་གྱི་དཔྱད་རྩོམ་འབྲི་བར་འབུངས་བའི་ལེགས་འབྲས་སུ། ཁ་སང་གདན་ས་དཔལ་ཆེན་ཆོས་གླིང་ནས་བསམ་བཞིན་སྲིད་པར་བཟུང་བའི་སྤྲུལ་སྐུ་འཇིགས་མེད་རིན་པོ་ཆེ་མཆོག་དང་སྒྲུབ་དཔོན་རྣམ་གཉིས་ཀྱི་གཙོས། ཤེས་བྱའི་གནས་ལ་མཁྱེན་རྒྱ་ཡངས་པའི་དམིགས་བསལ་ཆེད་དུ་ཕེབས་པའི་མཁན་པོ་ལེགས་མཐོང་དང་མཁན་པོ་འགྱུར་མེད། རང་དགོན་གྱི་མཁན་པོ་དང་དགེ་བའི་བཤེས་གཉེན་ཡོངས་འཛོམས་ཐོག་བཙུན་མ་ཡོངས་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བགྲོ་གླེང་གནང་བའི་ཚོགས་བསགས་ཀྱི་དགེ་བའི་མཐུ་ལ་བརྟེན་ནས། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་གེགས་མེད་མཛད་ཕྲིན་ཕྱོགས་མཐར་རྒྱས་པ་དང་། ལྷག་པར་བདག་ཅག་རྣམས་ཀྱི་འདྲེན་མཆོག་རྩ་བའི་བླ་མ་གཽ་ཤྲི་རྒྱལ་ཚབ་རིན་པོ་ཆེ་རང་གི་གདན་སར་ཞབས་སོར་མྱུར་དུ་འཁོད་ནས། མཛད་ཕྲིན་སྔར་ལྟར་རྒྱས་ཤིང་སྐུ་ཚེ་མི་ཤིགས་གཡུང་དྲུང་གི་ངོ་བོར་བཞུགས་པའི་རྒྱུར་རྩེ་གཅིག་ཏུ་བསྔོའོ།#debating #buddhist #buddhistwisdom

Комментарии

Информация по комментариям в разработке