बौद्ध भएको फाइदा के छ སྐྱབས་འགྲོའི་ཕན་ཡོན་བལ་སྐད་ཀྱི་ཐོག་ནས་གླེང་བ།

Описание к видео बौद्ध भएको फाइदा के छ སྐྱབས་འགྲོའི་ཕན་ཡོན་བལ་སྐད་ཀྱི་ཐོག་ནས་གླེང་བ།

ཇོ་བོ་རྗེས་གསུངས་པའི་སྐྱབས་སུ་སོང་བའི་ཕན་ཡོན་
བརྒྱད་ནི། ནང་པ་སངས་རྒྱས་པར་ཚུད་པ་དང་། སོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྔར་
བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་
པ་དང་། བསམས་པའི་དངོས་པོ་ཐམས་ཅད་འགྲུབ་པ་དང་། རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་
འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་
བཅས་ཐར་རྒྱན་དུ་གསལ་བས།171 ཤེས་ན་སྐྱབས་འགྲོ་ལ་ཆོས་ཀུན་ཚང་། ཞེས་རྗེ་བཙུན་གོང་མ་
ཆོས་ཀྱི་སན་དང་ལྡན་པ་རྣམས་ཀྱིས་གསུང་ཡོད་ཚུལ་བསྟན་ཡོད་པར་མ་ཟད།172 དེ་བཞིན་དུ་“མི་
དགེ་བའི་ལས་ལ་འཛེམ་བག་བྱ་བ་དང་ལྷ་དང་རྩ་རླུང་སོགས་བསྒོམས་པས་ཐུན་མོང་གི་དངོས་གྲུབ་
ཐོབ་པ་མུ་སྟེགས་པ་རྣམས་ལ་ཡང་ཡོད་ཀྱང་། དཀོན་མཆོག་གི་སྐྱབས་འགྲོ་མི་ཤེས་པས་ཐར་པའི་
ལམ་དང་བྲལ་ཞིང་གཏན་དུ་འཁོར་བ་ལས་མི་ཐར་བ་ཡིན།”173 ཞེས་གསུངས་པས། མདོར་ན་
སྐྱབས་འགྲོ་ནི་ཐོག་མར་རང་ཉིད་ནང་པའི་ཁྱུར་ཚུད་པའི་སྒོ་དམ་པ་ཡིན་ཞིང་། ཆོས་ཐམས་ཅད་ཀྱི་
རྨང་རོ་དང། སོམ་པ་ཐམས་ཅད་ཀྱི་རྟེན་དུའང་འགྱུར་བའི་ཕྱིར། སྐྱབས་འགྲོའི་རྣམ་གཞག་འདི་ཉིད་
ལེགས་པར་ཤེས་དགོས་པ་ནི་གནད་ཀྱི་དམ་པར་མཐོང་ངོ་།།
སྐྱབས་འགྲོའི་རྣམ་གཞ #foryou #peace #trending #dharma

Комментарии

Информация по комментариям в разработке