ར་ཤི་ཡས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་རྒྱ་ནག་གིས་སྔོན་ཚུད་ནས་ཤེས་མིན་ལ་དཔྱད་པ། ༼འདོན་ཐེངས་ ༧༣༽

Описание к видео ར་ཤི་ཡས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་རྒྱ་ནག་གིས་སྔོན་ཚུད་ནས་ཤེས་མིན་ལ་དཔྱད་པ། ༼འདོན་ཐེངས་ ༧༣༽

ཀུན་དགའ་བཀྲ་ཤིས་ཀྱི་དཔྱད་གཏམ། ༼ འདོན་ཐེངས་ ༧༣ ཕྱི་ལོ་ ༢༠༢༢ ཟླ་བ་ ༣ ཚེས་ ༡༩༽
འདོན་ཐེངས་འདིའི་ནང་།
༡། པུ་ཀྲིན་དང་ཞི་ཅིན་ཕིང་གཉིས་ཟླ་བ་ ༢ ཚེས་ ༤ ཉིན་པེ་ཅིང་དུ་ངོ་ཐུག་གྲོས་མོལ་བྱས་པ་དང་། ཐུག་འཕྲད་ཚར་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་ནང་དོན་དང་།
༢། ཟླ་བ་ ༢ ཚེས་ ༢༡ ཉིན་ཡུ་ཀེ་རན་གྱི་ཤར་ཕྱོགས་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ཡིན་པར་པུ་ཀྲིན་གྱིས་ངོས་ལེན་གསལ་བསྒྲགས་བྱས་པ།
༣། ཟླ་བ་ ༢ ཚེས་ ༢༤ ཐོ་རེངས་ར་ཤི་ཡས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པ།
༤། ཉིན་དེ་རང་ལ་ཡུན་ཀེ་རན་ནང་ཡོད་པའི་ཕྱི་སྡོད་རྒྱ་རིགས་རྣམས་ལ་རྒྱ་ནག་གིས་དོན་ཚན་ ༦ བྱས་པའི་གསལ་བསྒྲགས་སྤེལ་བ།
༥། ཟླ་བ་ ༣ ཚེས་ ༡༤ ཉིན་ཨ་ཌ་ལིའི་རོམ་དུ་ཨ་གཞུང་གི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་དང་། རྒྱ་གཞུང་གི་ཕྱི་འབྲེལ་ལས་དོན་འགན་འཛིན་ཡང་རྗལ་ཁྲེ་གཉིས་ཀྱིས་ར་ཡུའི་གནད་དོན་སྐོར་ལ་ཚུ་ཚོད་ ༧ སྐད་ཆ་བཤད་པ་དང་། དེ་རྗེས་གཞུང་གཉིས་ཀྱིས་བཤད་པའི་སྐད་ཆ་བཅས་གླེང་པའི་ཐོག་ནས། ར་ཤི་ཡས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་རྒྱ་ནག་གིས་སྔོན་ཚུད་ནས་ཤེས་ཀྱི་ཡོད་མེད་ཐོག་དཔྱད་ཞིབ་བྱས་ཁུལ་ཡིན།

Комментарии

Информация по комментариям в разработке