#News

Описание к видео #News

རྒྱལ་དབང་ཀརྨ་པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་རྗེས་དགའ་སྐྱོ་ཟུང་སྦྲེལ་གྱི་ཐུགས་ཚོར་ཧ་ཅང་ཆེན་པོ་ཞིག་བྱུང་པ་དང་བོད་མི་ཚོས་ནང་ཁུལ་མཐུན་ལམ་བྱ་དགོས་པའི་ཐུགས་ཚོར་གསུངས་འདུག
རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་ཅེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་འདུག
རྒྱ་གར་གྱི་སྦི་ཧར་མངའ་སྡེའི་ནང་ཆགས་པའི་ནཝ་ན་ལེནྡྲའི་གཙུག་ལག་སློབ་ཆེན་དུ་གུ་རུ་རིན་པོ་ཆེའི་མཛད་པ་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་ཞིག་ཚོགས་འདུག་པས། འདི་ནི་རྒྱལ་སྤྱིའི་ཐོག་གུ་རུའི་ཐོག་ལ་དོ་སྣང་སྔར་བས་ཆེ་བ་ཞིག་ཐོབ་པ་ཡིན་པ་གསུངས་བྱུང་།

Anchor: Tashi Wangchuk
Producer: Nordhey Dolma

བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube:    / rfatibetan  
facebook:   / rfa.tibetan  
twitter:   / rfatibet  
soundcloud:   / rfatibetan  
podcast: http://www.rfa.org/tibetan/podcasts/

Комментарии

Информация по комментариям в разработке