༼ འཇམ་དཔལ་དབྱངས ༽ ཨ་ནུ་རིང་ལུགས་པ་ཡག Manjushri by ANU

Описание к видео ༼ འཇམ་དཔལ་དབྱངས ༽ ཨ་ནུ་རིང་ལུགས་པ་ཡག Manjushri by ANU

#tibetanculture #tibetan #tibetansong #newtibetansong #newtibetansong #ANU

འཇམ་དཔལ་དབྱངས།

གཞས་ཚིག བཀྲ་ཤིས་སེང་གེ།
དབྱངས། ཨ་ནུ་རིང་ལུགས་ཡག།

དུས་གསུམ་རྒྱལ་བའི་རང་གཟུགས།
གཞོན་ནུའི་རྣམ་པར་རོལ་བའི་།
འཇམ་དབྱངས་ཤེས་རབ་ཉི་མ།
བདག་བློའི་མུན་པ་སེལ་རོགས།

ཨེ་མ།
ཤེས་རབ་ཀྱི་ལྷ་མཆོག་སེམས་ལ་འོད་ཅིག་གནང་རོགས།
འོད་ལ་མདངས་ཤིག་བསྩལ་རོགས།

ཨོཾ་ཨ་ར་པ་ཙ་ན་དྷཱི་
ཨོཾ་ཨ་ར་པ་ཙ་ན་དྷཱི་
ཨོཾ་ཨ་ར་པ་ཙ་ན་དྷཱི་

གསུང་དབྱངས་ཡན་ལག་དྲུག་ཅུས།
མ་རིག་གཉིད་ལས་སློང་བའི་།
འཇམ་དཔལ་ངག་གི་དབང་ཕྱུག།
ངག་ལ་དངོས་གྲུབ་བརྩལ་རོགས།

ཨེ་མ།
ངག་རིག་གི་དབང་ཕྱུག་ངག་ལ་དབྱངས་ཤིག་གནང་རོགས།
དབྱངས་ལ་སྙན་ཞིག་བསྩལ་རོགས།

ཨོཾ་ཨ་ར་པ་ཙ་ན་དྷཱི་
ཨོཾ་ཨ་ར་པ་ཙ་ན་དྷཱི་
ཨོཾ་ཨ་ར་པ་ཙ་ན་དྷཱི་

Комментарии

Информация по комментариям в разработке