དོལ་པོའི་གླུ་བ་ཤིང་སྨིན་ཨ་ཅོ་ནོར་བུ།།

Описание к видео དོལ་པོའི་གླུ་བ་ཤིང་སྨིན་ཨ་ཅོ་ནོར་བུ།།

དོལ་པོའི་འཚོ་བའི་སྐོར།
དོལ་པོའི་འཚོ་བ་དཀའ་ངལ་ཤིན་དའདུ་ཆེ།
བསོད་ནམས་ཞིང་ལས་དཀའ་ངལ་ཤིན་དུ་ཆེ།
ཆུ་མོ་ཡུར་རིའི་ནང་ལ་དྲང་ཞེས་ན།
ཉིན་མཚན་དབྱེ་བ་མེད་པར་ཞིང་མོ་མཅུས།།
གཡག་པོ་རི་ལ་ཡོད་དུས་ཞིང་ཁར་བཀུག།།
རང་དབང་མེད་པའི་སྐེ་ལ་གཉའ་ཤིང་བརྒྱབ།།
སྦྲང་རྩི་མེད་པའི་འབུ་གྲོག་ས་ཞིང་སྟེང་།།
སྙིང་རྗེ་མེད་པའི་ས་ནག་མགོ་འཇུག་སློག།།
སོ་སོའི་དཀའ་ངལ་བརྒྱབ་པའི་འབྲས་བུ་སྟེ།
སྟོན་ཀར་སེར་ཏོག་ལྟེམ་ལྟེམ་ངོ་མཚར་ཆེ།


    ཡུལ་ལྗོངས་ཤིང་སྨིན།
ཡུལ་ལྗོངས་གཉིས་ཀྱི་དབར་ལ་ལེ།།

སློབ་གྲྭའི་རྩ་བ་ཚུགས་སོ།།
ཚེ་རིང་སྒྲོལ་མའི་བཀའ་ལ་དྲོན།།
སློབ་གྲྭ་དར་མཞིན་རྒྱས་སོ།།
སློབ་ཁང་པདྨའི་མེ་ཏོག་འདྲ།།
ཤིང་ནགས་སྣ་མི་སྣ་ཚོགས།།
ཤིང་ནགས་དེ་ཡི་ཡལ་འདབ་ལ།།
ཁུ་ཡུག་གསུང་སྐད་སྙན་བྱུང་།།
སློབ་ཕྲུག་དེ་ཡི་གླུུ་དབྱངས་།།
རི་ལུང་མེད་པར་ཁྱབ་སུང་།།
འཛོམས་པའི་ཡུལ་མི་རྣམས་པ།།
ཡང་ཡང་འཛོམས་པའི་སྨོན་ལམ་ཞུ།།

             ནམ་དུས་སྐོར།
སོ་འོོ་་་ནམ་ལ་སོས་ཀ་ཚེས་པའི་དུས་བཟང་ལ།།
ལྷོ་རོང་ཁུ་ཡུག་སྔོན་མོ་སྒྲོན་དུ་ཕེབས།།
སོ་འོོ་་་ལྕང་མ་སྨུག་ཁྲའི་གསེང་ནས་གཅི་བ་ཡི།།
གསུང་སྐད་རྣ་བར་ཐོས་དུས་སྣང་བ་སྐྱིད།།

སོ་འོོ་་་་་ནམ་ལ་དབྱར་ཁ་ཚེས་པའི་དུས་བཟང་འདིར།།
གཡུ་གཞོང་གྲུ་བཞི་ནང་དུ་སྨན་ཆུང་མ།།
སོ་འོོ་་་་་་མགོ་དཀྲིས་དམར་པོ་བཅིངས་ཏེ་འཕྱི་མིག་གིས།།
བརྩེ་བའི་འཛུམས་མདངས་ངང་ནས་ཡུར་མ་ཡུར།

སོ་འོོ་་་་ནམ་ལ་སྟོན་ཀ་ཚེས་བའི་དུས་བཟང་ལ།།
གསེར་གཞོང་ནང་ནས་ལོ་ཡག་སྙེ་མ་ལྡེམ།
སོ་འོོ་་་་དེ་ལ་རྟེན་པའི་མགོ་ནག་སྤུ་ནག་གི།།
འཚོ་བའི་རྩྭ་ཆུ་བཟང་བའི་དུས་དེ་དགའ།།

སོ་འོོ་་་་་ནམ་ལ་དགུན་ཁ་ཚེས་པའི་དུས་བཟང་འདིར།
ནམ་མཁའི་མེ་ཏོག་ཕ་སའི་ཁ་ལ་བབས།།
སོ་འོོ་་་་་དུང་དཀར་འདྲ་བའི་ཁང་ཆུང་གྲུ་བཞིའི་ནང་།།
འཇམ་དྲོད་ལྡན་པའི་ཚ་བའི་གོས་དེ་དྲན།།

སོ་འོོ་་་་་དུས་བཞི་འགྱུར་བ་བཀྲ་བའི་ཕ་ས་སྟེ།།
ཀུན་མཁྱེན་དོལ་པོ་པ་ཡི་འཁྲུངས་ཡུལ་ཡིན།།
སོ་འོོ་་་་་་མ་ཎི་དབྱངས་ལྟར་འགུག་པའི་གངས་ཕྲུག་འཚོ།།
སྐྱེ་ཆེན་དམ་པ་ཁྱེད་ཀྱི་འདུལ་བྱ་ཡིན།།

སོ་འོོ་་་དད་ལྡན་ཡུལ་མི་ང་འཚོའི་སེམས་ཁུངས་སུ།།
བླ་མ་ཁྱེད་ཀྱི་མཛད་པ་འཕྲིན་ལས་དྲན།།

Комментарии

Информация по комментариям в разработке