ངའི་གངས་ཅན་དོལ་པོ། Dolpo Song 2022 Pema Thinley

Описание к видео ངའི་གངས་ཅན་དོལ་པོ། Dolpo Song 2022 Pema Thinley

ངའི་གངས་ཅན་དོལ་པོ།

ཚིག པདྨ་ཕྲིན་ལས།
གདངས། པདྨ་ཕྲིན་ལས།
སྒྲིག་སྦྱོར་པ། བྱི་གཅེར་རིག་འཛིན།

ངའི་གངས་ཅན་དོལ་པོའི་ཡུལ་ལྗོངས་ལ་གཟིགས་དང་།
རྟ་ནོར་དང་ར་ལུག་སོགས་འཛོམས་པ།
ངའི་དོལ་པོ་ཕ་ཡུལ་དྲན་བྱུང་།
སེམས་དྲང་པོའི་དད་པ་མ་ལོག་དགོས།
ཆོས་སངས་རྒྱས་མཇལ་བའི་རེ་བ་ཞུ།

ངའི་གངས་ཅན་དོལ་པོའི་རི་རྒྱུད་ལ་གཟིགས་དང་།
རིའི་མགོ་ལ་གངས་རི་ཆགས་པ།
གངས་རི་ལ་ཉི་ཟླ་ཤར་བ།
ངའི་གངས་ཅན་དོལ་པོའི་སྤུན་ཟླ་ལ།
རྐྱེན་བར་ཆད་མི་ཡོང་བའི་རྟེན་འབྲེལ་ཡིན།


ངའི་གངས་ཅན་དོལ་པོའི་སྤང་རི་ལ་གཟིགས་དང་།
སྤང་རི་ལ་སྨན་སྣ་འཛོམས་པ།
སྨན་དེ་ལ་སྨུག་ཟིལ་འཁོར་བ།
ངའི་གངས་ཅན་དོལ་པོའི་སྤུན་ཟླ་ལ།
ལུས་ན་ཚ་མི་ཡོང་བའི་རྟེན་འབྲེལ་ཡིན།


ངའི་གངས་ཅན་དོལ་པོའི་ཆུ་མོ་ལ་གཟིགས་དང་།
ཆུ་གཙང་མ་གྲང་མོ་ཞིམ་པོ།
ངའི་གངས་ཅན་དོལ་པོའི་ཆུ་མོ།
ངའི་གངས་ཅན་དོལ་པོའི་སྤུན་ཟླ་ལ།
སེམས་དམ་ཚིག་གཙང་མའི་རྟེན་འབྲེལ་ཡིན།

ངའི་གངས་ཅན་དོལ་པོའི་སིང་མ་ལ་གཟིགས་དང་།
ན་གཤོངས་ལ་མེ་ཏོག་མཛེས་པ།
མེ་ཏོག་ལ་གསེར་སྦྲང་འཁོར་བ།
ངའི་གངས་ཅན་དོལ་པོའི་སྤུན་ཟླ་ལ།
ཆོས་ཡོན་ཏན་འཛོམས་པའི་རྟེན་འབྲེལ་ཡིན་ཡ།

ངའི་གངས་ཅན་དོལ་པོའི་སྤུན་ཟླ་ཚོ་ལ།
སེམས་མ་ཆུང་གོམ་པ་སྤོ་དགོས།
སྙིང་མ་ཆུང་རྡོག་རྩ་བསྒྲིལ་དགོས།
ངའི་དོལ་པོའི་ལ་རྒྱ་དེ་རང་ཡིན་ཡ།
ངའི་དོལ་པོའི་ལ་རྒྱ་བརྟན་པར་ཤོག་ཅིག

Комментарии

Информация по комментариям в разработке