༼ རི་དྭགས་སྐྱོ་གླུ། ༽ བདུད་བྷེའི་། Melancholic Song of Animals by Dubey

Описание к видео ༼ རི་དྭགས་སྐྱོ་གླུ། ༽ བདུད་བྷེའི་། Melancholic Song of Animals by Dubey

#tibetannewsong #newtibetansong #tibetansong #tibetanculture #dubey

རི་དྭགས་སྐྱོ་གླུ།

ཚིག་རྩོམ་པ་པོ ཨ་དཀོན་མཆོག་ཆོས་འཕེལ།
དབྱངས་དང་ལེན་མཁན བདུད་བྷེ།

སྟོད་རྫ་ལུང་རི་ལུང་ནང་ནས།།
ང་རི་སྐྱེས་རི་དྭགས་མ་བུ།།
སྐྱིད་ཆེ་ཡོད་རྫ་མགོའི་རི་དྭགས།།
འདང་ལོས་ཡོད་མ་བུའི་བརྩེ་དུང་།།

རླུང་བསེར་བུ་སྔོན་ནས་གཡུག་གི།།
ཆུ་ཆར་བས་གཞུག་ནས་དེད་རུང་།།
མ་དྲིན་མོ་ཆེ་གི་རྩིབ་རེད།།
སྐྱིད་མེད་རུང་སྐྱོ་བ་སངས་ཀི།།

ཁྱོད་རྔོན་པ་ཞེ་ནག་ཐོན་ནས།།
བདུད་སྲིན་པོའི་རང་གཟུགས་བསྟན་ཐལ།།
ཐོག་འདྲ་བའི་སྐད་ཞིག་གྲགས་ཀི།།
ངའི་མ་ལོའི་སྲོག་ལ་བབས་ཐལ།།

ངའི་མིག་ནས་གློག་ཞགས་འཚུབ་ཐལ།།
ང་འགྱོ་ས་རྫ་ཁོག་སྐམ་པོ།།
ང་མ་མེད་དྭ་ཕྲུག་ཁེར་འགྲོ།།
ད་གར་འགྱོ་འདིར་འགྱོ་མེད་ཀི།།

དགོང་ཕྱི་དྲོའི་གྱིབ་ཆེན་བཀུག་ཐལ།།
ཁྱོད་རྔོན་པའི་བཟའ་ཚང་གང་བོས།།
ངའི་མ་ལོའི་ཤ་ཁྱག་ཟ་གི།།
ཁྱོད་སྐྱིད་གི་དགོད་སྒྲ་ལྷང་ལྷང་།།

ང་ལྡོམ་ནས་རྫ་སྐེད་ཉུལ་དུས།།
ཤྭ་རི་དྭགས་ཕ་འཛོམས་མ་འཛོམས།།
དྲིན་མ་ལོ་བསམ་པར་བཟུང་ནས།།
ངའི་མིག་ཆུ་ཡུར་ཆུ་བཞུར་བཞུར།།

སང་ནངས་མོ་ནམ་མཁའ་ལངས་ཐལ།།
དགུན་ཁ་བ་བུ་ཡུག་འཚུབ་ཀི།།
གན་མ་རེར་བུ་རེ་འགྲོགས་ཀི།།
ང་མ་མེད་དྭ་ཕྲུག་ཁེར་འགྲོ།།

ཁྱོད་དབང་ཆེན་མགོ་ནག་མྱི་རེད།།
ང་ལས་ངན་དུད་འགྲོ་སྙིང་རྗེ།།

Комментарии

Информация по комментариям в разработке