ཀརྨ་པ་མཆོག་གི་གསུང་ཆོས་

Описание к видео ཀརྨ་པ་མཆོག་གི་གསུང་ཆོས་

འཛམ་གླིང་ས་ཡི་ལྟེ་བ་རང་རེ་ནང་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་དགེ་འདུན་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་པའི་སྐབས། དྭགས་བརྒྱུད་བསྟན་པའི་རྒྱ་མཚོའི་གཙུག་རྒྱན་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་པའི་དགོན་སྡེ་ཁག་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར། དམ་པའི་ཆོས་འདུལ་བ་དང་མཐུན་པ། སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་ཕྱག་བརྒྱུན་དང་མཐུན་པ། བཀའ་བརྒྱུད་པའི་དགོན་སྡེ་ཁག་གིས་དབྱར་གནས་ཇི་ལྟར་ཚོགས་དགོས་ཚུལ་དང་། དགོན་སྡེ་ཁག་གི་སྒྲིག་གཞི་དང་དགེ་འདུན་གྱི་སྡེ་ཇི་ལྟར་འཛིན་སྐྱོང་དགོས་ཚུལ། དམིགས་བསལ་བཙུན་མའི་དགོན་སྡེ་ཁག་གི་སློབ་གཉེར་ཇི་ལྟར་ཡར་རྒྱས་ཐབས་ཇི་ལྟ་བུའི་སྒོ་ནས་གཏོང་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཞལ་གདམས།

Комментарии

Информация по комментариям в разработке