བྱང་གཞས་དཀར་འབྲུག་ལུང་གསུམ། འཁྲུག་གཞས། བྱང་གཞས། Jangshe

Описание к видео བྱང་གཞས་དཀར་འབྲུག་ལུང་གསུམ། འཁྲུག་གཞས། བྱང་གཞས། Jangshe

དྲ་བརྙན་འདི་ནི་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས། དམིགས་བསལ་ལ་སྟོད་ལྷོ་བྱང་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རྐང་བྲོ་གླུ་གཞས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོར་དམིགས་པ་ཞིག་ཡིན།
སྐབས་བབ་ལ་སྟོང་བྱང་ཁུལ་གྱི་འཁྲུག་གཞས་དཀར་འབྲུག་ལུང་གསུམ་ཞེས། དཀར་པོ་གུར་གྱི་ཕུབ་ས། འབྲུག་ལ་སྐད་སྒྲ་ཆེ་སོང་། ལུང་བཟང་ཡར་ན། ཞེས་གཞས་གསུམ་མུ་སྦྲེལ་དུ་བྱས་པའི་འཁྲབ་གཞས་ཤིག་ཡིན།

དཀར་འབྲུག་ལུང་གསུམ། །

དཀར་པོ་ (ལཱ་) གུར་གྱི་ཕུབ་ (ལཱ་) ས། །
སོའོ་ ཡ་ལ་ ནི་ སོ། །
ཤར་གྱི་སྤང་གཞོང་བདེ་མོ། །གུར་ལ་དཀར་པོ་སོའོ། །
ཤར་གྱི་སྤང་གཞོང་བདེ་མོ། །གུར་ལ་དཀར་པོ་སོའོ། །

དཀར་པོ་ (ལཱ་) གུར་གྱི་ཕུབ་ (ལཱ་) ས། །
སོའོ་ཡ་ལ་ནི་སོའོ། །
གུར་རྒྱུག་ཙན་དན་དམར་པོ། །གུར་ལ་དཀར་པོ་སོའོ། །
གུར་རྒྱུག་ཙན་དན་དམར་པོ། །གུར་ལ་དཀར་པོ་སོའོ། །

འཁྲུག་གཞས།
དཀར་པོ་གུར་གྱི་གུར་ (ལཱ་) ས། །
སོའོ་ འོ་ ཡ། །
ཤར་གྱི་སྤང་གཞོང་བདེ་མོ། །རྡོ་ལ་ཡར་འགྲོ་སོའོ། །
ཤར་གྱི་སྤང་གཞོང་བདེ་མོ། །རྡོ་ལ་ཡར་འགྲོ་སོའོ། །

ལགས་ཞུས་པས། འབྲུག་ལ་སྐད་གྲགས་ཆེ་ (ལཱ་) སོང་། །
ལགས་ཞུས་པས། འབྲུག་ལ་སྐད་གྲགས་ཆེ་ (ལཱ་) སོང་། །
འབྲུག་ལ་སྐད་གྲགས་ཆེ་ བ་ལ་ གཅིག །
འབྲུག་ལ་སྐད་གྲགས་ཆེ་ བ་ལ་ གཉིས། །
འབྲུག་ལ་སྐད་གྲགས་ཆེ་ བ་ལ་ གསུམ། །
གཅིག་སེ། གཉིས་སེ། གསུམ་ཡ། །
བཞི་སེ། ལྔ་སེ། དྲུག་ཡ། །

ལུང་བཟང་ཡ་ན་གྲོང་གཅིག་འདུག (ལཱ་)། །
ཡར་འགྲོ་ཅན་གྱི་གྲོང་རེད། །
གྲོང་ལ་ཡར་འགྲོ་མ་གཏོགས (སོའོ་)། །མར་འགྲོ་གཅིག་ཀྱང་མི་འདུག །

ལུང་བཟང་ཡ་ན་མི་གཅིག་འདུག །བསོད་བདེ་ཅན་གྱི་མི་རེད། །
བསོད་བདེ་བསོད་ནམས་ཡོད་མེད (སོའོ་)། །ཞལ་འབྲས་ཡ་ལ་གཟིགས་དང་། །

བཀྲ་ནི་བཀྲ་ཡང་ཤིས་སོང་ལ། །
དོན་མི་དོན་ཡང་གྲུབ་སོང་ལ། །
བཀྲ་ཤིས་དོན་གྲུབ་གཉིས་ལ་ལ། །འགྱུར་བ་ཡོང་ས་མི་འདུག །
བཀྲ་ཤིས་ཞབས་བྲོ། །

Комментарии

Информация по комментариям в разработке