Jangshe Wurdo Chumic Gudril Tibetan Traditional Dance

Описание к видео Jangshe Wurdo Chumic Gudril Tibetan Traditional Dance

དེ་རིང་ཁོ་བོས་གཙང་སྟོད་ཁུལ་དུ་དར་ཁྱབ་ཆེ་བའི་སྒྲ་སྙན་ཞབས་བྲོ་ཞིག་སྤྱན་འབུལ་ཞུས་ཡོད་པས་སྐུ་ལྷོད་ལྷོད་བྱས་གསན་གཟིགས་དང་སྦྲགས་དགའ་རྟགས་དང་རྗེས་འབྲངས། བརྒྱུད་སྐུར་སོགས་གནང་རོགས་གནང་།



འུར་རྡོ་ཆུ་མིག་དགུ་སྒྲིལ། །

འཇམ་པོའི་བལ་ལས་བཟོས་པའི། །
འུར་རྡོ་ཆུ་མིག་དགུ་སྒྲིལ། །
ལ་མོའི་རྒྱབ་ནས་བཞུས་པས། །
ཆུ་མོའི་གཞུང་དུ་བབས་ (ལཱ་) སོང་། །
ལ་མོའི་རྒྱབ་ནས་བཞུས་པས། །
ཆུ་མོའི་གཞུང་དུ་བབས་ (ལཱ་) སོང་། །

གཡང་མོ་ཡར་ལ་མ་འགྲོ །
གཡང་མོ་མར་ལ་ལོག་ཤོག །
བུ་མོ་བསྟན་འཛིན་ཆོས་སྒྲོན། །
འོ་ཟོ་འོ་མས་བརྒྱངས་ (ལཱ་) སོང་། །
བུ་མོ་བསྟན་འཛིན་ཆོས་སྒྲོན། །
འོ་ཟོ་འོ་མས་བརྒྱངས་ (ལཱ་) སོང་། །

འཇམ་པོའི་བལ་ལས་བཟོས་པའི། །
འུར་རྡོ་ཆུ་མིག་དགུ་སྒྲིལ། །
འཇམ་པོའི་བལ་ལས་བཟོས་པའི། །
འུར་རྡོ་ཆུ་མིག་དགུ་སྒྲིལ། །

ལ་མོའི་རྒྱབ་ནས་བཞུས་པས (ལཱ)། །
ཆུ་མོའི་གཞུང་དུ་བབས་ (ལཱ་) སོང་། །
ལ་མོའི་རྒྱབ་ནས་བཞུས་པས (ལཱ)། །
ཆུ་མོའི་གཞུང་དུ་བབས་ (ལཱ་) སོང་། །

གཡང་མོ་ཡར་ལ་མ་འགྲོ །
གཡང་མོ་མར་ལ་ལོག་ཤོག །
གཡང་མོ་ཡར་ལ་མ་འགྲོ །
གཡང་མོ་མར་ལ་ལོག་ཤོག །

བུ་མོ་བསྟན་འཛིན་ཆོས་སྒྲོན། །
འོ་ཟོ་འོ་མས་བརྒྱངས་ (ལཱ་) སོང་། །
བུ་མོ་བསྟན་འཛིན་ཆོས་སྒྲོན (ལཱ)། །
འོ་ཟོ་འོ་མས་བརྒྱངས་ (ལཱ་) སོང་། །

གཡང་མོ་བརྒྱ་ལ་མཁོ་བའི། །
དྲིལ་བུ་ལི་དྲིལ་བཏགས་ཡོད། །
གཡང་མོ་བརྒྱ་ལ་མཁོ་བའི། །
དྲིལ་བུ་ལི་དྲིལ་བཏགས་ཡོད། །

དྲིལ་བུ་ཆགས་ན་མ་གཏོགས (ལཱ)། །
དྲིལ་ལུང་ཆད་ས་མི་ (ལཱ)འདུག །
དྲིལ་བུ་ཆགས་ན་མ་གཏོགས (ལཱ)། །
དྲིལ་ལུང་ཆད་ས་མི་ (ལཱ)འདུག །

Комментарии

Информация по комментариям в разработке