Dhingri tibet song སྲོལ་རྒྱུན་ལྡན་པའི་དིང་རིའི་གཞས། འཁྲབ་མཁན་མན་ཆོད་རམ་ཆེན་གྲོང་སྡེ།

Описание к видео Dhingri tibet song སྲོལ་རྒྱུན་ལྡན་པའི་དིང་རིའི་གཞས། འཁྲབ་མཁན་མན་ཆོད་རམ་ཆེན་གྲོང་སྡེ།

༈ དིང་རི་མན་ཆོད་རམ་ཆེན་ཡུལ་སྡེའི་ལོ་རྒྱུས་འདོར་ཙམ་བརྗོད་པ་དེའང་དཀར་ཆག་ལས། ཕུ་ན་བླ་མའི་གདན་ས་དགོན་ཆེན་བྲག་དམར་འཁྲིས་འོང་འདིར། གཡས་རི་དར་སྨུག་འཁྱིལ་བ་འདྲ། གཡས་རི་དར་དཀར་བརྐྱངས་པ་འདྲ། རྒྱབ་རི་སེང་ཆེན་འགྱིངས་པ་འདྲ། མདུན་རི་མཎྜལ་ཕུལ་བ་འདྲ། གཙང་ཆབ་སྔོན་མོ་ཡོན་ཆབ་ཕུ་འདྲེའི་མཐར། ནེའུ་གསིང་མེ་ཏོག་ཕྲ་ཚོམ་བཞད་པའི་མཁར། གཡང་དཀར་མ་མོའི་འབའ་སྒྲ་ཕྱུང་སེ་ཕྱུང་། བདག་བཟུང་སྒོ་ཕྱུགས་བདག་མེད་རི་དྭགས་སོགས། སྤུ་ཁྲ་ལེགས་པའི་སེམས་ཅན་འཁོར་སེ་འཁོར། རྣལ་འབྱོར་ཕོ་མོ་རྣམ་དག་སྒྲུབ་ལ་གཞོལ། གཡོན་ན་བུམ་ཆུ་སྔོན་མོ་རྒྱུན་ཆད་མེད། ཞེས་སོགས་གསལ་བ་ལྟར་རམ་ཆེན་ཡུལ་སྡེ་ནི་བྲག་དམར་དགོན་ཆེན་དང་འཁྲིས་འོང་ཡུལ་གྲོང་གཉིས་ཀྱི་མདའ་རུ་ཆགས་ཡོད་པ་ཞིག་ཡིན། ཡུལ་དེར་དུད་ཁྱིམ་བཞི་བཅུ་ཞེས་གྲངས་དང་འཚོ་རྟེན་ཞིང་ལས་དང་ཚོང་ལས་སོགས་་་་་

Комментарии

Информация по комментариям в разработке