Dhingri song 12 January 2024 བལ་ཡུལ་དུ་སོ་ནམ་ལོ་སར་སྐབས། འཁྲབ་ཁན་ཕ་དྲུག་སྐྱིད་སྡུག།

Описание к видео Dhingri song 12 January 2024 བལ་ཡུལ་དུ་སོ་ནམ་ལོ་སར་སྐབས། འཁྲབ་ཁན་ཕ་དྲུག་སྐྱིད་སྡུག།

༈ ལ་སྟོད་དིང་རིའི་གནའ་བོའི་རིག་གཞུང་དུ་མ་ཡོད་པའི་ནང་གསེས་གཞས་འདི་བར་རྙིང་གི་ཁོངས་སུ་བཏོགས་ཞིང་གཞས་ཀྱི་ནང་དོན་དང་འགྱུར་ཁུགས་སོགས་ཉན་ན་ཡིད་དབང་འཕྲོག་པ་བསམ་ན་གོ་དོན་ཡོད་པ་གང་ལྟར་སྙན་འཇེབས་ལྡན་པའི་སྲོལ་རྒྱུན་རིག་གནས་ཞིག་འདུག་ལ་གཞས་ཚིག་གཤམ་དུ་བཀོད་པ་ལྟར་དག་བརྗོད་སོགས་ནོར་འཕྲུལ་དུ་མ་ཡོང་སྲིད་པས་བཅོས་བར་ཚལ།།

སྟེང་ཕྱོགས་ལྷ་རུ་བཞུགས་པས། ཉིས་ལེན། ལྷ་རྒྱལ་དབང་པོ་རྒྱལ་ཆེར་ཞུས་དང་ལྷ་ཡི་བུ་མོ་བྱང་ཕྱོགས་ཆོས་ལ་འགྲོའོ་་་་་་བསན་དང་ཨ་ཅེ་སྣང་ས་ལ། སྣང་ས་ཆོས་ལ་འགྲོའོ་་་་ཉིས་ལེན།།

བར་ཕྱོགས་བཙན་དུ་བཞུགས་པས། ཉིས་ལེན། བཙན་རྒྱལ་གཡུ་མ་རྒྱལ་ཆེར་ཞུས་དང་བཙན་གྱི་ ་བུ་མོ་བྱང་ཕྱོགས་ཆོས་ལ་འགྲོའོ་་་བསན་དང་ཨ་ཅེ་སྣང་ས་ལ། སྣང་ས་ཆོས་ལ་འགྲོའོ་་་་ཉིས་ལེན།།


འོག་ཕྱོགས་ཀླུ་ན་བཞུགས་པས། ཉིས་ལེན། ཀླུ་མོ་དུང་སྐྱོང་དཀར་མོར་ཞུས་དང་ཀླུ་ཡི་བུ་མོ་བྱང་ཕྱོགས་ཆོས་ལ་འགྲོ་་་་བསན་དང་ཨ་ཅེ་སྣང་ས་ལ། སྣང་ས་ཆོས་ལ་འགྲོའོ་་་་ཉིས་ལེན།།

Комментарии

Информация по комментариям в разработке