འདྲེ་དཀར། DREKA | OFFICIAL MUSIC VIDEO | NAMGYAL NANGMI ft. NGALE

Описание к видео འདྲེ་དཀར། DREKA | OFFICIAL MUSIC VIDEO | NAMGYAL NANGMI ft. NGALE

Singer : Ugen Norbu, Tenzin Dickyi, Ngale
Music x Mixing : Thupten Tenzin
Editor : Kalden
Videographer : Tenzin Chonden, Tenzin Yangkyi, Ugen Norbu
Lyrics : Ugen Norbu, Ngale

Lyrics :


དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །

དྲ་རྒྱ་ནང་རྟག་པར་ཁྱེད་ཕྲ་མ་བཤད།
བྱམས་བརྩེ་འདི་ཁྱེད་ལ་ནི་བཏོན་ཡས་མེད།
ང་ང་ཡིན་ལབ་ནས་ཁྱེད་དགའ་དགའ་བྱེད།
མི་གཞན་པའི་སྡུག་བསྔལ་ཁྱེད་ཁེ་སང་ལེན།
ང་མེད་དང་ཁྱེད་འདྲ་རྫུན་བཤད་མཁན་འདི།
ཁྱེད་མི་བཤད་དགོས་བཤད་ཀྱི་འདོན་འདྲེ་འདི།
མི་གཞན་པའི་སེམས་དང་རྩལ་རྩེ་མཁན་འདི།
ད་དུང་རྫུན་མ་བཤད་ནས་སྡོད་ཨ། ཕི་་་་་་་་་་
ད་དྲ་རྒྱ་འདི་ཁོ་ཚོ་ཡི་ལག་ཆ་རེད།
བཤད་རྒྱུ་ནི་ཁོ་ཚོ་ལ་དཔེ་ཡོད་རེད།
གཟབ་གཟབ་འདི་ང་རང་ཚོས་བྱེད་ཡས་རེད།
དེ་མེད་ན་སྤྱི་ཚོགས་འདི་དཀྲུག་གི་རེད།

ཁཤས་ལ་ཁག་མེད་རེད། སློབ་སྦྱོང་འདི་རག་མེད་རེད། དེང་དུས་ཀྱི་ཕྲུ་གུ་འདྲ།
མཐུན་རྐྱེན་འདི་སྦྱོར་མེད་རེད། ནོར་བ་ན་གལ་མེད་རེད། ཤེས་པ་འདི་ལེན་ཡས་རེད། རང་ཉིད་ཀྱི་ཤེས་བྱ་དེ་གང་མང་མང་སྤེལ་ཡས་རེད།
རྒན་པ་དང་ཕ་མ་དང་ཕ་མ་ཡི་ཕ་མར། གོ་རྟོགས་འདི་སྤེལ་ཡས་ནི། ན་གཞོན་གྱི་ལས་ཀ་དངོས་གནས་དང་རྫུན་མ་བར་འབྱེད་ཡས་རེད་དབྱེ་བ།
དེ་མེད་ན་བལྟ་ཡས་རེད། སྤྱི་ཚོགས་ཀྱི་འདྲེ་དཀར། འདྲེ་དཀར། འདྲེ་དཀར།
དེ་མེད་ན་བལྟ་ཡས་རེད། སྤྱི་ཚོགས་ཀྱི་འདྲེ་དཀར།

དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །

ཨེ་ངའི་མིང་ལ་བསྟན་འཛིན་བདེ་སྐྱིད།
ང་རང་ལོ་བཅུ་ལས་མེད་པ་ཡིན་ནའི། དེ་རིང་བཤད་ཀྱིས།
ངའི་དྲ་རྒྱའི་ནང་ཁོ་ཚོས་གང་བྱུང་བྲིས་ཀྱིས།
ཡིན་ནའི་བློ་ཁོག་མེད་མཁན་དེ་ཚོས་གདོང་པ་སྦས་ཀྱིས།
ལས་ཀ་ནི་བཏོན་ཡས་མི་འདུག ཁོང་ཚོས་ནང་ལ་བྱེད་ཡས་མི་འདུག
བོད་པ་གཅིག་སྙན་གྲགས་འགྲོ་ན། རྐང་པ་ལ་ལམ་སེང་འཐེན་དུ་སླེབས་འདུག
སོ་སོས་བྱེད་ན་འཇོན་ཡས་མེད་པ། གཞན་པས་བྱེད་ན་མི་འདི་ཚ་པ།
གོ་སྐབས་འདི་གཅིག་པ་ཡོད་ནའི། དུས་ཚོད་སླེབས་དུས་འཐོན་ཡས་མེད་པ།
འདི་ཡིས་འདི་བྱས། འདི་ཡིས་འདི་ལབ་སོང་།
ཞྭ་མོ་གཡོག་ནས་ཁོ་ཚོ་ནང་ལ་ཕྱིན་སོང་།
གཅིག་གིས་གཅིག་ལ་མཛུབ་མོ་བཙུགས་ནས་བསྡད་སོང་།
ང་ཚོ་དེ་ལ་ལྐུག་པ་འདྲ་པོ་ལྷག་སོང་།

དུས་ཚོད་བཏོན་ནས་དཀའ་ལས་རྒྱོབས་དང་།
ཀླད་པ་བསྒྲིམས་ནས་ལས་ཀ་བྱོས་དང་།
ང་ཚོས་དེ་ལ་རྒྱབ་སྐྱོར་ཡོད།
དོན་མེད་སྐད་ཆ་ཆོ་མེད་བཤད་ནས།
ང་ཚོའི་ཞི་བདེ་དཀྲུག་ཏུ་སླེབས་ན།
ང་ཚོ་དེ་ལ་འབྲེལ་བ་མེད། ཨེ། གནོད་མ་སྐྱེལ། སོ་སོའི་ལས་ཀ་བྱས་ནས་བསྡད།
མི་གཞན་ལ་དཀའ་ལས་མ་སྤྲད་ལག་པ་སྤྲད།
ཤེས་བྱ་ལ་མཐའ་ཡོད་མ་རེད་སྦྱངས་ནས་བསྡད།
ཕ་མ་ཡོད་དུས་མཉམ་དུ་བསྡད། གཟུགས་པོ་ཡོད་དུས་ལས་ཀ་བྱོས།

དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །

ཨོ་ཡེ། ལག་པ་གཤང་དོག་མ་བྱོས། འོ་མ་ནང་ལ་ཆུ་བླུགས་མཁན།
ཁྱི་ནང་བཞིན་སྤྲེལ་ལད་མ་བཤད། སྦྲུལ་ནང་བཞིན་དུག་གཡུག་མཁན།
དྲ་རྒྱའི་ནང་ལ་རྫུན་མ་བཤད་བསྡད། དྲ་རྒྱའི་ནང་ལ་དཔེ་ཤག་བཀོག་བསྡད།
དྲ་རྒྱ་ནང་ལ་རྫིག་པོ་བཤད་བསྡད། མདུན་ལ་སླེབས་དུས་མདོག་ངན་ཀྱེ།
ཨོ་ཡེ། དྲ་རྒྱ་འདི་ངས་སློབ་སྦྱོང་བྱེད་ཚར་རེད།
ཁྱེད་ཚོ་འདྲ་བོ་ཆེད་དུ་མི་ལ་མགོ་སྐོར་གཡོག་ས་རེད།
སྒོར་མོ་བཅུ་བྱེད་པ་དེ་སྒོར་མོ་བརྒྱ་ལ་བཙོངས་ནས་བསྡད།
སྣང་བ་འགྲོ་ནའི་མ་འགྲོ་ནའི། འདི་ཁྱེད་ཀྱིས་བྱེད་པའི་ལས་རེད།
ཁོ་ལ་ཁོ་ལ་མོ་ཁོ་ལ། མོས་ཁོ་ལ་མགོ་སྐོར་གཡོག་རེད།
ཁོ་དང་མོ་དང་མོ་ཁོ་དང་། མོ་ཁོ་ལ་དགའ་པོ་ཡོད་རེད།
གཅིག་གིས་གཅིག་ལ་བྱེད། གཅིག་གིས་ཕྱི་རྒྱལ་ལ་མགོ་སྐོར་གཡོག་བསྡད།
མཐའ་མའི་མཐའ་མ་ལ་རྐུན་མ་ལ་དྲ་རྒྱའི་ནང་ལ་འཇུས་བསྡད།
ཨེ། རྐུན་མ་ཡིས་རྐུན་མ་ལ། རྐུན་མ་ཡིས་ཡ་ལ།
རྫུན་མ་རྫུན་མ་ཡིས་སྐད་ཆ་བཀྲམ་ནས། ཁྱེད་འགྲོ་སོང་དམྱལ་བ།
(Puma)རྫུན་མ་(shirt)པར་བླུགས་བསྡད་དྲ་རྒྱའི་ནང་ལ།
བཙུམ་ཨ་བཙུམ་ཨ་བཙུམ། འདྲེ་དཀར་མང་དྲགས་ཀྱེ།

དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །
ང་ཚོའི་དྲ་རྒྱ་དང་དྲ་རྒྱ་ཡི་ནང་ལ།། འདྲེ་དཀར་འདུག་འདྲེ་དཀར་འདུག །

Комментарии

Информация по комментариям в разработке