དུག་ (DHUK) | OFFICIAL MUSIC VIDEO | NAMGYAL NANGMI PRESENTS

Описание к видео དུག་ (DHUK) | OFFICIAL MUSIC VIDEO | NAMGYAL NANGMI PRESENTS

Singer : Tenzin Dickyi & Ugen Norbu
Music & Mixing : Thupten Tenzin
Lyrics, Song Composer & Director : Ugen Norbu
Filmed : Tenzin Chonden & Ugen Norbu
Stylist : Tenzin Chokyi

Lyrics :

སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།
སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།

ང་མི་ཡུལ་སླེབ་པའི་སྐབས་སུ། མི་ཡུལ་ཁོ་རང་གྲ་སྒྲིག་མི་འདུག།
ངའི་པ་ལགས་ལྷ་ཡུལ་ལ་ཕེབས་ནས། ཁོང་གི་ང་ལ་རྩལ་འདི་གནང་འདུག།
མི་ཡུལ་སླེབས་བཅུ་མི་འགྲོ། མིའི་སྐད་ཆ་དུག་རེད་དོ།
དཔྱད་པ་ཁྱེད་མ་བྱེད་པ་ཡིན་ན། མི་ཡུལ་སླེབས་ནས་ཆོ་མི་འདུག།
མི་ཡག་པོའི་སྐད་ཆ་ཉོན་དང། ཁྱེད་ཚོ་ཡག་པོ་སྐད་ཆ་ཉོན་དང།
མི་དཀྲུག་ཤིང་བླང་མཁན་དེ་ཚོ་ཚང་མ། དཀྲུག་ཤིང་དེ་འདྲ་མིན་ད།
རྫུན་མ་མེད་ད། ཁྲ་མ་མེད་ད། ཞྭ་མོ་ནག་པོ་གཡོག་ཡ་མེད་ད།
མི་གཅིག་པ། བོད་པ་གཅིག་པ། ང་ཚོ་རྡོག་རྩ་གཅིག་སྒྲིལ་ཡིན་ད།
ངའི་སྐད་ཆ་ཡག་པོ་ཉོན་ཨ། སྐད་ཆ་ཡག་པོ་དེ་འདྲ་མེད་ད།
སྒང་ལ་སྡོད་མཁན་ཁ་ཤས་གཅིག་གིས། རྐུབ་ཀྱག་ཚ་པོ་བཟོས་ནས་བསྡད་ཤ།
དབང་ཡོད་ཤོད་ཨ། གཉའ་སྤྱོད་བྱེད་ཨ། ང་ཚོ་ཁ་ཁ་བསྡད་ཡ་མིན་དང།
ད་མང་དྲག་སོང། ད་ཐལ་དྲག་སོང། ང་ཚོ་སྒོམ་ནས་བསྡད་ཡ་མིན་ད།
ང་ཚོ་སྒོམ་བསྡད་ཡིན་་་སྒོམ་བསྡད་ཡིན་་་སྒོམ་བསྡད་ཡིན།
ད་བལྟ་བར་དུ་འཁུམ་བསྡད་ཡིན་་་འཁུམ་བསྡད་ཡིན་་་འཁུམ་བསྡད་ཡིན།
ད་བལྟ་བར་དུ་མྱང་བསྡད་ཡིན་་་མྱང་བསྡད་ཡིན་་་མྱང་བསྡད་ཡིན།
ཆུ་འདི་མིག་པའི་སྒང་ནས་འགྲོ་སོང། ང་ཚོ་ཁ་ཁ་བསྡད་ཡ་མིན་དང།

སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།
སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།

སྣ་ཁུང་ཆུང་ཆུང་ནང་ནས། སྣབས་རྟུག་བློས་པ་མ་གནང།
ཕྱི་ལོགས་མི་ཚོའི་མཐོང་ན། འོ་ལེ་འོ་ལེ་ཟེར་ཡོང་། 

འོ་ལེ་ཡ་གང་ཡོད་རེད། སྣ་ཁུང་གི་སྣབས་རྟུག་རེད། འཇིག་བརྟེན་གྱི་འགྲོ་གཏང་རེད།
སྣབས་རྟུག་ནི་བཏོན་ཡ་རེད། དེ་མེད་ན་འཁྱེར་ཡ་རེད། ཡང་མེད་ན་སྤྲོད་ཡ་རེད།
ཕྱིས་མི་ལ་ཧང་སང་ནས་ཁྱེད་རང་ཚོ་ཉན་ཡ་རེད།
རྒན་པ་ཡི་མ་ཡོང་ན་ཆུང་བ་ཡིས་ལབ་ཡ་རེད་
གཞན་མི་ལ་ཕན་ཐོག་ན་ལས་ད་ག་བྱེད་ཡ་རེད།
སེམས་ཤུགས་དེ་སྤྲད་ཡ་རེད། སེམས་སྡུག་དེ་བཏོན་ཡ་རེད།
ལོ་ཆུང་ན་གང་ཡོད་རེད། སློབ་སྦྱོང་དེ་ལེན་ཡ་རེད།
མི་གཞན་པའི་ཨ་ཟེར་གྱིས་ཁྱེད་བསམས་ནས་བསྡད།
གཞན་གྱི་ལག་ལ་ཁྱེད་མི་ཚེ་འདི་སྤྲོད།
མི་ཚེ་འདི་ཐུང་ཐུང་རེད། རང་སོ་སོའི་སྐྱེལ་ཡ་རེད།
ལས་ཡག་པོ་བྱེད་མ་ཏོག་དམྱལ་བ་ལ་འགྲོ་ཡ་རེད།
གཅིག་པུར་གཅིག་ལྷག་ཡ་རེད། ཕ་མ་ཁ་བྲལ་ཡ་རེད།
མི་ལུས་འདི་གཡུག་ཡ་རེད། ཉེས་པ་འདི་འཁྱེར་ཡ་རེད། ཁྱེད་རང་ད་མྱང་ཡ་རེད།
དཀར་པོ་དང་ནག་པོ་དེ་ཨ་ཞང་ལ་ཁྱོད་རང་སྟོོན་ཡ་རེད།

སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།
སོ་སོ་ག་རེད་བྱེད་ཡ་ཡོད་ན། ཁྱེད་རང་ད་བལྟ་བྱེད་ཡ་རེད།
གཞན་པའི་ཁ་ལ་ཉན་ནས་བསྡད་ན། ཁྱེད་རང་གཡང་ལ་གཡུག་གི་རེད།།

Комментарии

Информация по комментариям в разработке