Praise of the Twenty One Taras_Phub Zam

Описание к видео Praise of the Twenty One Taras_Phub Zam

Song: Praise of the Twenty-One Taras
Singer: Phub Zam
Lyrics Transcribed: Chencho Dorji

It's a powerful and blissed prayer.
May all the sentient beings who hear and saw this prayer be free from obstacles and suffering and, this be the seed for their attainment of Buddhahood.

སྒྲོལ་མ་ཉི་ཤུ་རྩ་གཅིག་ཆོས་དབྱངས།
༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༎
༡ ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ༎
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ༎
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི༎
གེ་སར་བྱེ་བ་ལས་ནི་བྱུང་མ༎


༢ ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ༎
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ༎
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས༎
རབ་ཏུ་ཕྱེ་བའི་འོད་རབ་འབར་མ༎


༣ ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱིས༎
པདྨས་ཕྱག་ནི་རྣམ་པར་བརྒྱན་མ༎
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ༎
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ༎


༤ ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར༎
མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ༎
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི༎
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ༎


༥ ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ༎
འདོད་དང་ཕྱོགས་དང་ནམ་མཁའ་གང་མ༎
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ༎
ལུས་པ་མེད་པར་འགུགས་པར་ནུས་མ༎


༦ ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ༎
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ༎
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌༎
གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ༎


༧ ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས༎
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ༎
གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ༎
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ༎


༨ ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས༎
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ༎
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད༎
དགྲ་བོ་ཐམས་ཅད་མ་ལུས་གསོད་མ༎


༩ ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི༎
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ༎
མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི༎
རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ༎


༡༠ ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༎
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༎
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༎
བདུད་དང་འཇིག་རྟེན་དབང་དུ་མཛད་མ༎


༡༡ ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས༎
ཐམས་ཅད་འགུགས་པར་ནུས་པ་ཉིད་མ༎
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས༎
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ༎

སྒྲོལ་མ་ཉི་ཤུ་རྩ་གཅིག་ཆོས་དབྱངས།
༡༢ ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན༎
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ༎
རལ་པའི་ཁྲོད་ནས་འོད་དཔག་མེད་ལས༎
རྟག་པར་ཤིན་ཏུ་འོད་རབ་མཛད་མ༎


༡༣ ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར༎
འབར་བའི་ཕྲེང་བའི་དབུས་ན་གནས་མ༎
གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི༎
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ༎


༡༤ ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི༎
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ༎
ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས༎
རིམ་པ་བདུན་པོ་རྣམས་ནི་འགེམས་མ༎


༡༥ ཕྱག་འཚལ་བདེ་མ་དགེ་མ་ཞི་མ༎
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ༎
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས༎
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ༎


༡༦ ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི༎
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ༎
ཡི་གེ་བཅུ་པའི་ངག་ནི་བཀོད་པའི༎
རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ༎


༡༧ ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས༎
ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ༎
རི་རབ་མནྡ་ར་དང་འབིགས་བྱེད༎
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ༎


༡༨ ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི༎
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ༎
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས༎
དུག་རྣམས་མ་ལུས་པར་ནི་སེལ་མ༎


༡༩ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ༎
ལྷ་དང་མིའམ་ཅི་ཡིས་བསྟེན་མ༎
ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས༎
རྩོད་དང་རྨི་ལམ་ངན་པ་སེལ་མ༎


༢༠ ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི༎
སྤྱན་གཉིས་པོ་ལ་འོད་རབ་གསལ་མ༎
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས༎
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ༎


༢༡ ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས༎
ཞི་བའི་མཐུ་དང་ཡང་དག་ལྡན་མ༎
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས༎
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ༎

རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌༎
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།།


དགེ་བ་འདི་ཡིས་མྱུར་དུ་བདག།།
རྒྱལ་ཡུམ་སྒྲོལ་མ་འགྲུབ་འགྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།།
དེ་ཡི་ས་ལ་འགོད་པར་ཤོག།།


རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།།


ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།
བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ།།
ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

© 2018 CHENCHO DORJI LYRICS VIDEO ALL RIGHTS RESERVED
Any reproduction or illegal distribution of the content in any form will result in immediate action against the person concerned.
Uploading this video on other YouTube channels or Facebook pages without prior permission is strictly prohibited.
(Link sharing or Embedding to websites is allowed)

Комментарии

Информация по комментариям в разработке