སྤྱི་བོའི་གཙུག་གི་ནོར་བུ། | My Crown Jewel | New Tibetan Song | Penor Rinpoche | PKYA

Описание к видео སྤྱི་བོའི་གཙུག་གི་ནོར་བུ། | My Crown Jewel | New Tibetan Song | Penor Rinpoche | PKYA

སྤྱི་བོའི་གཙུག་གི་ནོར་བུ།

སེར་པོ་གསེར་གྱི་ཉི་མ།།
ཨ་སྔོན་གནམ་ནས་ཤར་བྱུང་།།
དྲོད་འཇམ་ཉི་མའི་འོད་ཟེར།།
ས་གཞི་ཡོངས་ལ་ཁྱབ་ཡོད།།
The golden yellow sun
Appeared in the blue sky,
Sending warm and soothing sunrays
To pervade the entire earth.

གྲུབ་དབང་པདྨ་ནོར་བུ།།
གངས་ཅན་ལྗོངས་ནས་འཁྲུངས་བྱུང་།།
རླབས་ཆེན་མཛད་པ་ཕྲིན་ལས།།
འཛམ་གླིང་ཡོངས་ལ་ཁྱབ་ཡོད།།
The lord of accomplished masters, Pema Norbu,
Was born in the land of snows.
His extraordinary enlightened activities
Suffused the whole earth.

ཡངས་པའི་སྤང་གཤོངས་སྟེང་ལ།།
མེ་ཏོག་གཅིག་མཛེས་གཉིས་མཛེས།།
མཆོད་པའི་རྫས་སུ་ཕེབས་པ།།
འདབ་སྟོང་པདྨ་དཀར་པོ།།
On the vast plain of meadows
Are flowers of surpassing beauty
That which blossoms as substances of offering
Is the white lotus with a thousand petals.

སྐྱིད་པའི་འཛམ་གླིང་འདི་ན།།
བླ་མ་བརྒྱ་ཡོད་སྟོང་ཡོད།།
སྤྱི་བོའི་རྒྱན་དུ་ཕེབས་པ།།
གྲུབ་དབང་པདྨ་ནོར་བུ།།
In this blissful world,
Hundreds and thousands of Lamas exist.
Yet the one that appeared as my crown ornament
Is Pema Norbu, the lord of accomplished masters.

ཁྱེད་ཀྱི་དྲིན་གྱིས་བསྐྱངས་པའི།།
རིགས་མཐུན་གཅེས་ཕྲུག་མང་པོས།།
ཧི་མ་ལ་ཡའི་རྒྱབ་ནས།།
ནམ་མཇལ་རེ་སྒུག་ཞུས་ཡོད།།
With your kindness,
You nurtured many loving children of the same flock
Who long to see you
From behind the Himalayas.

ཇོ་མོ་གླང་མའི་རྩེ་ནས།།
བྱང་འགྲོའི་སྤྲིན་པ་དཀར་པོ།།
ང་ཡི་སེམས་ཀྱི་གླུ་འདི།།
བླ་མའི་སྙན་ལ་འབུལ་རོགས།།
Upon the summit of Mt. Everest,
White clouds drift towards the north
May you pass this heart song of mine
To the ears of the Lama.

Translated from Tibetan to English by Khenpo Sonam Tsewang

ཐུགས་རྗེ་ཆེ།
SPECIAL THANKS
དཔལ་ཡུལ་ཀུན་ཕན་གཞོན་ནུ་ཚོགས་པ།
Production: Palyul Kunphen Youth Association
འཆར་འགོད་པ། བུ་ཆུང་འགྱུར་རིག་དོལ་པོ།
Director: Bhuchung Gyurig Dolpo
ཚིག། སྤྲུལ་སྐུ་འཆི་མེད་ཚེ་དབང་དོལ་པོ།
Lyrics: Tulku Chimed Tsewang Dolpo
དབྱངས། བསྟན་འཛིན་རྣམ་རྒྱལ། ༼བསྟན་རྣམ།༽
Composer: Tenzin Namgyal (Tenam)
ལེན་མཁན། བསྟན་འཛིན་ལགས།
Singer: Tenzin La
གཞས་ཚིག་སྒྱུར་པ་པོ། མཁན་པོ་བསོད་ནམས་ཚེ་དབང།
Lyrics Translator: Khenpo Sonam Tsewang
བརྙན་ལེན་པ་དང་སྒྲིག་སྦྱོར་བ། ཕུར་བསྟན་དོལ་པོ།
DOP/Editor: PhurTen Dolpo
Music Arranged/Recorded: Alfa Studio

Supported by:
པདྨ་དབང་ཕྱུག་ཤར་པ།
Pema Wangchuk Sherpa (Former PKYA President)
སྤ་སངས་དོལ་པོ།
Pasang Dolpo (France)
པདྨ་བསྟན་འཛིན་དོལ་པོ།
Pema Tenzin Dolpo (France)
ཀརྨ་ཤཱཀྱ་དོལ་པོ།
Karma Shakya Dolpo (France)
ཀུན་བཟང་ནུབ་རི།
Kunsang Nubri (USA)

Director: Bhuchung Gyurig Dolpo Facebook link:   / bdolpa  

Video: PhurTen Youtube Channel Link:    / @phurten10  

Palyul Kunphen Youth Association Facebok Link: https://www.facebook.com/pkyanp.com.n...

#Palyul #PKYA

Комментарии

Информация по комментариям в разработке