Tibetan Song 2020 | འཁྲུངས་སྐར་མཆོད་པ། Jamphel Lodoe | Penor Rinpoche Birthday Tribute | Official MV

Описание к видео Tibetan Song 2020 | འཁྲུངས་སྐར་མཆོད་པ། Jamphel Lodoe | Penor Rinpoche Birthday Tribute | Official MV

གཞས། འཁྲུངས་སྐར་མཆོད་པ།
Song | Thrungkar Chodpa
ཚིག སྤྲུལ་སྐུ་འཆི་མེད་ཚེ་དབང་དོལ་པོ།
Lyrics | Tulku Chimed Tshewang Dolpo
བརྙན་ལེན་སྒྲིག་སྦྱོར། དཀོན་མཆོག་ཚེ་རིང་།
Dp & Editor | KonSeaRing
དབྱངས། འཇམ་དཔལ་བློ་གྲོས།
Composer | Jamphel Lodoe
ལེན་མཁན། འཇམ་དཔལ་བློ་གྲོས།
Singer | Jamphel Lodoe


facebook 👉🏽   / jamphel.lodoe.9  
Instagramtagram 👉🏽   / suggested  

ཐུགས་རྗེ་ཆེ་ཞུ་ཡུལ། Thanks To
སྤྲུལ་སྐུ་འཆི་མེད་ཚེ་དབང་དོལ་པོ། Tulku Chimed Tshewang Dolpo
སློབ་དཔོན་འཇིགས་མེད་དཔལ་བཟང་། Lopon Jigme Palzang
དཀོན་མཆོག་ཚེ་རིང་། KonSeaRing
དོན་ཡོད་ནང་མི། Dhonyoe Family
ཀརྨ་བློ་བཟང་། Karma Lopsang
དྲུག་ཅུ་རེ་བརྒྱད་ནང་མི། Sixty Eight Family
ལྷག་པ་རྒྱལ་མཚན། Lhakpa Gyaltsen
ཚེ་ནོར། Tsenor ( YouTube)
དཔལ་ཡུལ་ཀརྨ། Palyul Karma ( YouTube )
Namdroling Monastery Officially ( YouTube )

#tibetansong2020 #namdrolingmonastery #hhpenorrinpoche #བོདགཞས

འཁྲུངས་སྐར་མཆོད་པ།

ང་ཡི་རྩ་བའི་བླ་མ།། ༧གྲུབ་དབང་པདྨ་ནོར་བུའི།།
ཡང་སྲིད་ཁྲི་གདུགས་ཉི་མ།། འཛམ་གླིང་རྒྱན་དུ་ཤར་བྱུང་།།

མཇལ་ན་མིག་ལ་མཚར་བ།། དྲན་ན་སེམས་པ་སྐྱིད་པ།།
འདི་ཕྱིའི་སྐྱབས་འཇུག་ཞུ་ས།། དྲིན་ཆེན་བླ་མ་ཁྱེད་ཡིན།།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།

སེམས་ཀྱི་ཡིད་བཞིན་ནོར་བུ།། དངོས་སུ་མཇལ་མྱོང་མེད་ཀྱང་།།
གསོལ་བ་སྙིང་ནས་བཏབ་པས།།ཐུགས་རྗེས་རྒྱང་ནས་གཟིགས་བྱུང་།།

དམ་ཚིག་གཅིག་པའི་མཆེད་གྲོགས།། ལྗོན་ཤིང་གཅིག་གི་ཡལ་ག།
ཡལ་ག་འཐོར་ཞིག་མེད་པར།། ཚང་མ་མཉམ་དུ་འཛོམས་ཤོག།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།

དྲི་མེད་ཨ་ཤེ་ཁ་བཏགས།། གསེར་ཁྲིའི་མདུན་དུ་ཕུལ་ནས།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི།། གསོལ་བ་སྙིང་ནས་འདེབས་སོ།།

བཀྲ་ཤིས་དུས་བཟང་འདི་ལ།། ལྷན་རྒྱས་སྤྲོ་སྤྲོ་གནང་དང་།།
དགའ་བའི་གླུ་དབྱངས་ལེན་བཞིན།། འཁྲུངས་སྐར་རྟེན་འབྲེལ་ཞུའོ།།

ཡ་རི་ལོ། འཁྲུངས་སྐར་རྟེན་འབྲེལ་བསུ།

Комментарии

Информация по комментариям в разработке